分享按钮

གྲོང་སྤྱིའི་གཞུང་དོན་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་26ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག ལས་གྲྭ་འཛུགས་སྐྲུན་མ་འཇོག་རྣམ་གྲངས་ཀྱི་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་སོགས་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

ཚོཊ་འདུའི་ཐོག་ནན་གསུངས་གནང་དོན། ལས་གྲྭ་འཛུགས་སྐྲུན་མ་འཇོག་རྣམ་གྲངས་ཀྱི་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་གྱི་ཚོད་ལྟའི་བྱ་ཐབས་དང་ལས་སྒྲུབ་ཀྱི་ཕྱོགས་སྟོན་ལ་ཞིབ་འཇུག་གནང་ནས་བཏོན་པ་དང་། དེ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་དང་དོན་ཚན་གལ་ཆེན་ཞིག་རེད། དགོས་ངེས་རང་བཞིན་གསལ་པོར་ངེས་དགོས་པ། རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ལས་གྲྭའི་འཛུགས་སྐྲུན་མ་འཇོག་རྣམ་གྲངས་ཀྱི་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་གྱི་ཚོད་ལྟའི་བྱ་ཐབས་ཞིབ་འཇུག་དང་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གཞུང་གི་འགན་ནུས་སུ་བསྒྱུར་བ་དང་། སྲིད་གཞུང་གི་ལས་ཕྱོད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ལམ་ལུགས་ལེགས་སྒྱུར་དང་གསར་གཏོད་ལ་བརྟེན་ནས་རྣམ་གྲངས་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཐོག་གི་དཀའ་གནད་ཐག་གཅོད་གང་ཐུབ་བྱེད་དགོས་པ་དང་། ལག་བསྟར་བྱེད་འཐུས་རང་བཞིན་ལ་ཞིབ་འཇུག་བྱེད་དགོས། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་གསེད་བཀྲོལ་དང་བསྡུ་ལེན་གང་ལེགས་བྱས་ཏེ། སྔ་ཙམ་ནས་གཉེར་དགོས་པའི་དོན་ཚན་ནང་བཅུག་ནས་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བཀོལ་སྤྱོད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་སློབ་གསོ་དང་སྲིད་ཇུས་གསོ་སྦྱོང་ཟུང་འབྲེལ་བྱས་ཏེ། གྲོས་མོལ་རྣམ་པའི་སློབ་ཁྲིད་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། རྗེས་མཐུད་ཀྱི་ལས་སྒོའི་གསོ་སྦྱོང་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱིས་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་དགོས་པ།ཚད་ལྡན་རང་བཞིན་འབུར་དུ་ཐོན་དགོས། རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་བྱ་ཐབས་འཚོལ་ཞིབ་དང་བཙུགས་ཏེ། ཁྲིམས་དང་གཏན་འབེབས་ལྟར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཚད་ལྡན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། ལེ་ལག་ཚང་བའི་དཔྱད་ཞིབ་ལམ་སྲོལ་བཙུཊ་ནས་དཔྱད་ཞིབ་དོན་ཚན་དེ་ཕྱོཊ་བསྡུས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ནང་བཅུག་སྟེ་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འགག་སྒྲོལ་དཀའ་སེལ་དང་ཤུགས་སྣོན་བརྒྱབ་སྟེ་དུས་ཚིགས་གསུམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་ལ་དམ་འཛིན་ཧུར་ཐག་བྱེད་དགོས་པ་དང་། ཞིབ་ཕྲ་དང་གཏིང་ཟབ་བྱེད་དགོས་པ། རིམ་པ་ཁག་དང་ཚན་པ་ཁག་གི་འགོ་ཁྲིད་དང་པོས་ལས་རིགས་དེ་གའི་ཁྱབ་ཁོངས་སུ་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ཏེ།ཚོད་འཛིན་གྱི་ལྷུ་ཚིགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་ཐག་གཅོད་བྱེད་པར་དམ་འཛིན་དང་སྐུལ་འདེད་གཏོང་དགོས། ཆ་འཕྲིན་ཆ་འགྲིག་ཡོང་དགོས། ཚན་པ་སོ་སོའི་ནང་ཁུལ་གྱི་ཆ་འཕྲིན་ཆ་འགྲིག་ཡོང་དགོས་པར་མ་ཟད། འབྲེལ་ཡོད་ཚན་པ་ཁག་དབར་གྱི་ཆ་འཕྲིན་ཡང་གནད་ལ་འཁེལ་བ་དང་ཆ་འགྲིག་ཡོང་དགོས། གདུབ་ཟུམ་བཀོད་གཏོང་བྱེད་དགོས། གདུབ་ཟུམ་ལས་ཀའི་བཅའ་ཁྲིམས་མཐའ་འཁྱོངས་དང་།དམིགས་ཚད་ལས་འགན་དང་དུས་བཀག་གི་བླང་བྱ་ལྟར། རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187030.html 1 གྲོང་སྤྱིའི་གཞུང་དོན་ཚོགས་འདུ་འཚོགས་པ། /enpproperty-->