ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་26ཉིན་གྱི་ཕྱི་དྲོར།ཁྲེང་ཀོན་ཆུས་སུ་མངགས་གཏོང་བྱས་པའི་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་གཞི་རིམ་གྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་གྲོས་མོལ་གནང་བ་རེད།
ཆེད་དོན་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོཊ་འདུའི་ཐོག་འབྲེལ་ཡོད་དཀའ་ངལ་དང་གནད་དོན་གྱི་གནས་ཚུལ་ལ་གསན་པ་དང་ཚོཊ་ཞུཊ་གྲོང་ཁྱེར་ཐད་གཏོཊ་ཚན་པ་དང་།ཁྲེང་ཀོན་ཆུས་སྲིད་གཞུང་།རྒྱལ་ཁབ་གློག་དྲ་ལྷ་ས་ཡན་ལག་ཀུང་སིའི་འགན་འཁུར་བློ་མཐུན་བཅས་ཀྱིས་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་དང་།བསམ་བློ་གཅིག་གྱུར་ཡོང་བར་བྱས་པ།གནད་དོན་ཁག་10ཚང་མ་ཐག་གཅོད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དང་།འགན་འཁྲིའི་ཚན་པ།སྐུལ་འདེད་གཏོང་བའི་དུས་ཚད་བཅས་ཁ་གསལ་བཟོས་པ་རེད།
ཧོ་ཕུང་གིས་ཆེད་དོན་ལས་དོན་ཚོགས་ཆུང་ཁྲེང་ཀོན་ཆུས་སུ་བསྐྱོད་ནས་ཟླ་བ་གཅིག་སོང་ཚུན།
གྲོང་ཨུད་ཀྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་།གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་དོན་ཁག་དྲུག་ལ་དམ་པོར་དམིགས་ནས་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དང་།སྡེ་ཁུལ།དགོན་སྡེ་དོ་དམ་ཨུ་ལྷན་བཅས་སུ་བསྐྱོད་དེ་བརྟག་ཞིབ་ལས་དོན་སྤེལ་བ་དང་།སྤྱི་ཚོགས་ཀྱི་སྣང་ཚུལ་དང་དམངས་འདུན་ལ་ནན་ཏན་གྱིས་གསན་པར་མ་ཟད།ཁྲེང་ཀོན་ཆུས་ཏང་ཨུད་དང་སྲིད་གཞུང་གི་བཞུགས་མོལ་ཚོཊ་འདུ་འཚོགས་ནས་ལས་དོན་སྙན་ཞུར་གསན་ཏེ་མང་ཚོགས་ཀྱིས་བཏོན་པའི་དཀའ་ངལ་གྱི་གནད་དོན་ཁག་26གསེད་བཀྲོལ་གནང་ཡོད་ཅིང་།དེའི་ནང་ནས་གནད་དོན་ཁག་16ཁྲེང་ཀོན་ཆུས་ལ་བསྒྲུབ་ཏུ་བཅུག་པ་དང་།གནད་དོན་གཞན་དག་10གྲོང་ཁྱེར་རིམ་པའི་ཚན་པ་ཁག་ལ་བསྒྲུབ་ཏུ་བཅུག་ཡོད་ཅེས་གསུངས་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社