分享按钮

ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལན་ཐུང་ཚོཊ་པ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་ཡུའེ་བཅས་པ་དང་བཞུཊ་མོལ་གནང་བ།

ཟླ་8ཚེས་26ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལན་ཐུང་ཚོགས་པ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་ཡུའེ་བཅས་པ་དང་བཞུགས་མོལ་གནང་ཞིང་།པར་འདི་ནི་བཞུགས་མོལ་བྱ་ཡུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལན་ཐུང་ཚོཊ་པ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་ཡུའེ་བཅས་པ་དང་བཞུགས་མོལ་གནང་བ་དང་།ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་།ཀྲང་ཁྲུན་དབྱང་།ཁོང་ཧུའེ།ཀྲུང་གོ་ལན་ཐུང་ཚོགས་པ་ཀུང་སིའི་ཝང་ལིང་ཧྲེང་དང་ཧྥེང་ཧྭ་ཅུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཁྲེན་ཀྲུང་ཡུའེ་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་།ཀྲུང་གོ་ལན་ཐུང་ཚོགས་པ་ཀུང་སིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་གྲངས་གཞིར་བརྟེན་ནས་གྲོང་ཁྱེར་དར་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གྲངས་གཞིའི་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་ལ་སྐུལ་འདེད་མགྱོགས་སུ་བཏང་བ། གྲངས་གཞིའི་དཔལ་འབྱོར་གྱི་གློག་རིན་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་བཏོན་པ།གྲངས་གཞིའི་དཔལ་འབྱོར་ཐོན་ལས་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།ཀྲུང་གོ་ལན་ཐུང་ནི་གྲངས་གཞིའི་ཆ་འཕྲིན་གཉེར་སྐྱོང་ཞབས་ཞུའི་རྒྱལ་ཁབ་ཀྱི་རུ་ཁག་གཅིག་ཡིན་ལ།འདུ་ཤེས་སྔོན་ཐོན་དང་།ལག་རྩལ་སྔོན་ཐོན།སྟོབས་ཤུགས་ཆེ་བ་བཅས་ཀྱང་ཡིན།ཕྱོགས་གཉིས་པོས་སྲིད་གཞུང་གིས་གཙོ་ཁྲིད་དང་།ཁེ་ལས་ཀྱིས་སྐུལ་འདེད། ཐོན་ཁུངས་བསྡུ་སྒྲིལ།ལེགས་ཆ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས།མཉམ་ལས་མཉམ་ཁེ་བཅས་ཀྱི་རྩ་དོན་གཞིར་བཟུང་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་དང་།གྲངས་གཞིའི་ཐོན་ལས་ལ་དམིགས་པ།ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བ།རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག་ལག་གདང་སྦྲེལ་ནས་གྲངས་གཞི་ཅན་གྱི་ལྷ་ས་འཛུགས་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁྲེན་ཀྲུང་ཡུའེ་ཡིས་ཀྲུང་གོ་ལན་ཐུང་ཚོགས་པ་ཀུང་སིས་ལྷ་སར་ལས་སྒོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་།ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཀྲུང་གོ་ལན་ཐུང་གིས་ལྷ་སའི་དགོས་མཁོ་དང་ལན་ཐུང་གི་ནུས་པར་དམིགས་ནས་ལན་ཐུང་གཅིག་དང་།གཞི་གཅིག་ཅན་གྱི་ནུས་པ་བསྡུ་སྒྲིལ།གཞི་གཅིག་ཅན་གྱི་གཉེར་སྐྱོང་ཞབས་ཞུ་བཅས་ཀྱི་མ་ལག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་གྲངས་གཞིའི་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་།གྲངས་གཞིའི་སྲིད་གཞུང་འཛུགས་སྐྱོང་།གྲངས་གཞིའི་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་བཅས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་ལན་ཐུང་ཚོགས་པ་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187031.html 1 ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལན་ཐུང་ཚོཊ་པ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་ཡུའེ་བཅས་པ་དང་བཞུཊ་མོལ་གནང་བ། /enpproperty-->