分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭ་དང་། ལྷ་ས་ཅང་སུའུ་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་།གྲོང་ཁྱེར་ཚན་རྩལ་ཅུས། གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་སོགས་སུ་ཕེབས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭ་དང་།ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོཊ་བསྡུས་ལག་ལེན་རྟེན་གཞིའི་ཚན་རྩལ་ཁང་ནང་ཚན་རིག་ཚོད་ལྟ་བྱེད་བཞིན་པའི་སློབ་མ་ཚོར་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་།ཚན་པ་གཉིས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་ཐད་ཀྱི་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་ནི་མི་རབས་རྗེས་མའི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་གྲོང་ཁྱེར་ཚན་རྩལ་མཐུན་ཚོཊ་དང་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་བས་སློབ་གྲྭ་འདི་ཉིད་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱི་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་བྱེད་སྟངས་འཚོལ་ཞིབ་བྱས་ནས་སློབ་མ་ཚན་རིག་ལ་དགའ་ཞེན་དང་། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་ཀྱི་རྣམ་པ་ཟབ་མོ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

གྲོང་ཁྱེར་ཚན་རྩལ་ཅུས་དང་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་སུ་ཀྲའོ་ཧུའེ་ཉན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན།གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གནང་བ་དང་། ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་ནས་འབྲེལ་ཡོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187028.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->