འདི་ལོའི་ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་རང་གྲོང་གིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་8ལག་བསྟར་བྱས་པའི་ནང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱིས་སྤུས་ལེགས་ཚོང་ཟོག་མཁོ་སྤྲོད་དང་། འགྲིམ་འགྲུལ་འགྲོ་སྐྱོད་སྟབས་བདེ་ཅན། ཐོན་རྫས་ཀྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ་དང་དམིགས་སའི་རང་བཞིན་གྱི་སྲིད་ཇུས་ཀྱིས་སྐུལ་ལྕག་གཏོང་བ་སོགས་ལ་དམིཊ་ནས་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་5ལག་བསྟར་བྱས་ཡོད། སྔར་བྱུང་མྱོང་མེད་པའི་སྐུལ་ལྕག་བྱ་ཐབས་བཅས་ལ་བརྟེན་ནས་ལྷ་སའི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་རྒྱ་ཆེའི་ཡུལ་སྐོར་བར་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ལོངས་སྤྱོད་ཐུབ་པར་བྱས་ཡོད་པ་རེད།
ཨེ་ལྷ་རྒྱ་རི་གསོལ་མགྲོན་ཁང་གི་སྤྱི་ཁྱབ་ཅིང་ལི་ཐན་ཅུན་གྱིས་ཞེ་ཁྲེང་ལས་སྟེགས་བརྒྱུད་སྐར་མ་རིམ་པའི་ཨར་ཁང་འདེམས་མཁན་མགྲོན་པོར་ཐད་ཀར་ཆག་ཡང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社