分享按钮

བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ནས་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་མཛུབ་སྟོན་དང་ཉམས་མྱོང་སྤེལ་རེས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ནས་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་མཛུབ་ཁྲིད་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།

ཟློས་གར་སྒྱུ་རྩལ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་གཞི་རིམ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕར་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད།ཟླ་8ཚེས་19ནས་ཚེས་22ཉིན་བར།རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲཊ་པུའུ་དང་དེ་བཞིན་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་དང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བཀོད་སྒྲིག་དང་གཏིང་ཟབ་པའི་བླང་བྱ་གཞིར་བཟུང་།ས་མཐོར་བཅངས་པའི་བརྩེ་བ་ཞེས་པའི་ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པའི་ལྷ་སའི་འཚམས་འདྲི་འཁྲབ་སྟོན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ནམ་མཁའ་ལྷ་མོ་རུ་ཁག་དང་ཟས་ཞིམ་ལྷ་མོ་རུ་ཁག་ཏུ་བསྐྱོད་དེ་འཁྲབ་སྟོན་དང་།གསར་རྩོམ།འཁྲབ་གཞུང་རྩོམ་འབྲི།འཁྲབ་ཁྲིད་པ་སོགས་ཀྱི་ཐད་ཟློས་གར་རིག་གནས་ཀྱི་དམངས་ཕན་མཛུབ་ཁྲིད་ལས་དོན་དང་།ཟློས་གར་གསར་གཏོད་ཀྱི་ཉམས་མྱོང་སྤེལ་རེས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-27 6 6 拉萨日报藏文 c186847.html 1 བོད་ལྗོངས་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ནས་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་མཛུབ་སྟོན་དང་ཉམས་མྱོང་སྤེལ་རེས་བྱས་པ། /enpproperty-->