(པར་ངོས་དང་པོར་མཐུད)སོལ་རླངས་གྲལ་བཤེར་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་།དུད་ཚང་རེ་རེ་བཞིན་དུ་སོལ་རླངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐོ་འགོད་བྱེད་པ།སོལ་རླངས་ཚད་ལྡན་བེད་སྤྱོད་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བ།གནད་དོན་བཅོས་སྒྲིག་ཡག་པོ་བྱེད་པ།གཙོ་གནད་ཚོང་དུད་དང་སྡེ་ལས་སྒྲིག་འཛུགས་ཀྱིས་དངོས་འཐབ་གསོ་སྦྱོང་བྱེད་པ་བཅས་ཀྱི་སྒོ་ནས་སོལ་རླངས་བདེ་འཇགས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་བསལ་ཡོད།
གླིང་ཆུང་སྤྱི་གླིང་དུ་དྲ་མིག་པའི་ཁ་ཆད་ཅེས་པའི་དོན་གྲོས་ཁང་བཙུགས་པ་དང་།17148མཉམ་དུ་དོན་གྲོས་བྱེད་ཅེས་པའི་ལས་ཀའི་ལམ་སྲོལ་ཁྱབ་གདལ་བཏང་ནས་རང་འགུལ་ངང་དོན་དག་དང་དགོས་མཁོ་འདྲི་རྩད་དང་།གྲོང་མིས་ཞུས་པའི་དམངས་ཀྱི་གནས་ཚུལ་དང་གནད་དོན་བསྡུ་རུབ་བྱས་ཏེ་རིགས་དབྱེ་ནས་གྲོས་མོལ་གྲོས་གཞིའི་ཐོ་འགོད་བྱས་པ།“1+3+N”ཡི་དོན་གྲོས་སྒྲོམ་གཞི་ལག་བསྟར་བྱས་ཏེ་དྲ་མིག་དཔོན་ལྟེ་བར་བྱས་པའི་1(དྲ་མིག་དཔོན)དང་།+3(ཆེས་བསྐོས་དྲ་མིག་པ་དང་།དྲ་མིག་པའི་མི་དམངས་ཉེན་རྟོག་པ།ཁྲོམ་གཞུང་དྲ་མིག་པའི་མཛུབ་སྟོན་པ)+N(སྡེ་ལས་དང་།དོ་བདག་ཨུ་ལྷན།དང་བླངས་ཞབས་ཞུའི་རུ་ཁག་མཉམ་སྐྲུན་འབྲེལ་གཏུགས་ཚན་པ།ཐོ་འགོད་གཉིས་ཀྱི་ཏང་ཡོན)བཅས་ཀྱི་དོན་གྲོས་མ་ལག་ཆགས་པར་བྱས་ནས་ཐུན་མོང་ཐོག་གྲོང་མི་ཐབས་ཇུས་འགོད་པར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཐོག་སྡེ་ཁུལ་གྱི་ལས་དོན་ཁྲོད་གྲོང་མིར་སྐད་ཆ་ཤོད་དབང་ཡོད་པའི་འགན་ལེན་བྱས་ཡོད།
རྒྱུན་ལྡན་དུ་དྲ་མིག་ཆུང་ཡང་འགན་འཁྲི་ཆེ་བའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ།ཁ་ཐོར་དང་གཅིག་སྡུད་ཀྱི་ཐོ་འགོད་ས་ཚིགས་6བཙུགས་པ་དང་།དྲ་མིག་འབྲེལ་གཏུགས་གཱ་500ལྷག་ཙམ་སྦྱར་བ་དང་སྤྲད་པ་རེད།དྲ་མིག་པ་ཁག་གིས་དུད་ཚང་དུ་བཅར་འདྲི་བྱེད་པ་དང་།ཁ་པར་ཐོག་ནས་རྒྱུས་ལོན་བྱེད་པ།འཕྲིན་འཕྲིན་ཚོགས་པ་བཙུགས་པ་སོགས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ཁོངས་གཏོགས་དྲ་མིག་ཅན་གྱི་རྨང་གཞིའི་གྲངས་གཞི་དང་མི་འབོར་གྱི་གཞི་གྲངས་བསྡུ་རུབ་བྱས་ཏེ་སྡེ་ཁུལ་དང་།ཉེན་རྟོག་ཁུལ།སྡེ་ལས་བཅས་ཕྱོགས་གསུམ་གྱིས་མཉམ་སྤྱོད་བྱེད་པའི་དྲ་ཐོག་སྡེ་ཁུལ་གྱི་གྲོང་མིའི་གྲངས་གཞི་ཆགས་པར་བྱས་ཡོད།
རེ་བ་འདོན་པ་དང་དོན་འཁྱོལ་བྱ་ཐབས་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུ་ལེཊ་པོ་བསྒྲུབས་པ།
གླིང་ཆུང་སྡེ་ཁུལ་ཁོངས་གཏོགས་ཁུལ་གྱི་སྡེ་ལས་ཁུལ་ཆུང་དང་སྒེར་གྱི་ཚོང་ཁང་ཅུང་གཅིག་སྡུད་དུ་གནས་ཤིང་།གྲོང་མིའི་རེ་འདུན་འདྲ་མིན་སོགས་ཀྱི་གནད་དོན་ལ་དམིགས་ནས།སྡེ་ཁུལ་གྱིས་ཧྥེང་ཆའོ་ཉམས་མྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་ལག་ལེན་དང་འཚོལ་ཞིབ་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཏེ།དྲ་མིག་པས་གནད་དོན་འདྲི་རྩད་བྱས་ནས་གྲོང་མིའི་དོན་དག་གོང་ཞུ་གང་ཐུབ་བྱེད་ཀྱི་ཡོད།
སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་གྲོང་མིའི་ཧུར་བརྩོན་རང་བཞིན་དེ་བས་རྒྱ་ཁྱབ་ངང་སྐུལ་སྤེལ་བྱ་ཆེད།ཏང་ཀྲི་པུའུ་ཡིས་གྲོང་མིའི་དགོས་མཁོ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་ཁང་དང་སྟར་པ་30ལྷག་ཙམ་གྱི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་དྲ་མིག་པ་ཚང་མ་ཚོགས་པའི་ནང་ཞུགས་ནས་སྡེ་ཁུལ་གྱི་ཐོག་ཁང་དང་སྟར་པའི་སྐད་འཕྲིན་ཚོགས་པ་བརྒྱུད་དུས་བཀག་ལྟར་བསམ་འཆར་ཉན་ནས་ཐོ་འགོད་བྱེད་ཀྱི་ཡོད།
ཐེན་ཧྥེང་བཀྲ་ཤིས་ཞི་མཐུན་གླིང་ཁུལ་ཆུང་གི་ཆུ་རྫིང་དང་སྔོ་འགྱུར་སྟེགས་བུ་སྒྱུར་བཀོད་བྱེད་པ་ནས་ཤང་ཞུའེ་ཅ་ཡོན་ཁུལ་ཆུང་གི་བྱེད་སྒོའི་ལྟེ་གནས་བཙུགས་པའི་བར་སྡེ་ཁུལ་གྱིས་གྲོང་མིར་རང་ཉིད་ཀྱི་ཕུགས་བསམ་སྡེ་ཁུལ་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་མིས་རེ་བ་འདོན་པ་དང་གྲོང་མི་ཨུ་ལྷན་གྱིས་ལན་སྤྲོད་ཐུབ་པར་བྱེད་ཀྱི་ཡོད།ད་ཆ་གྲོང་མིར་གནད་དོན་གང་ཞིག་ཡོད་ཚེ་སྐད་འཕྲིན་ཚོགས་པའི་ནང་བཤད་ཙམ་བྱས་ཚེ་དྲ་མིག་པས་དོན་འཁྱོལ་བྱ་ཐབས་ལག་ལེན་བསྟར་ནས་དཀའ་གནད་མཐུན་སྦྱོར་དང་འགལ་བ་ཐག་གཅོད་གང་ཐུབ་བྱེད་ཀྱི་ཡོད།ཁྱིམ་མཚེས་དབར་གྱི་སྤྲོ་སྣང་ཚང་མ་ཡིག་སྟར་གྲུ་བཞིའི་རེ་རེ་ནང་འཁོད་ཡོད།སྐད་འཕྲིན་ཚོགས་པ་དེའང་སྡེ་ཁུལ་བཅོས་སྐྱོང་བྱེད་པའི་འཆམ་མཐུན་ཚོགས་པར་གྱུར་ཡོད།
སྡེ་ཁུལ་གྱི་སྡེ་ལས་དང་།སྤྱི་ཚོཊ་རྩ་འཛུགས།དང་བླངས་ཞབས་ཞུ་པ་སོགས་སྣ་མང་ཞུགས་པའི་བདེ་སྐྱིད་མཉམ་གཉེར་གྱི་བྱེད་སྟངས་དུས་གཅིག་ཏུ་འཚོལ་ཞིབ་བྱས་ཏེ་སེ་འབྲུ་དམར་པོའི་དང་བླངས་ཞབས་ཞུའི་རུ་ཁག་ཅེས་པ་ཆེད་མངགས་བཙུགས་པ་དང་།རྒྱང་བསྒྲགས་ཆུང་ཆུང་ཞེས་པའི་སྐོར་གཡེང་རུ་ཁག་དང་།བསྔགས་བརྗོད་མནའ་འབྲེལ་ཞེས་པའི་ཤེས་དཔལ་ཁ་ཏ་སློབ་སྟོན་རུ་ཁག འབུ་བླ་མ་མ་མ་ཎི་དམར་པོ་ཞེས་པའི་འོས་འགན་དྲིལ་བསྒྲགས་རུ་ཁག དྭངས་གཙང་མཛེས་སྡུག་ཁྱིམ་གཞིས་ཞེས་པའི་ཁོར་ཡུག་བཅོས་སྒྲིག་དང་བླངས་རུ་ཁག་སོགས་ཡན་ལག་དཔུང་ཁག་གི་སྒྲོམ་གཞི་བཙུགས་པ་དང་།དེའི་དམིགས་ཡུལ་ནི་གྲོང་མིའི་ཉེ་འགྲམ་གྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པ་དང་།སྤྱི་ཕན་ནད་གཞི་བརྟག་དཔྱད་དང་བདེ་ཐང་འོས་འགན་སྨན་བཅོས་སོགས་ནང་དོན་ཕུན་སུམ་ཚོགས་པའི་ཞབས་ཞུ་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ཏེ་གྲོང་མིས་བཏོན་པའི་རེ་འདོན་དག་བསྒྲུབ་ཏུ་བཅུག་མཁན་ཡོད་པ་དང་།དང་ལེན་བྱེད་མཁན་ཡོད་པ།སྒྲུབ་མཁན་ཡོད་པ་བཅས་མངོན་འགྱུར་ཡོང་བར་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ལས་སྒྲོལ་བར་བྱེད་ཀྱི་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社