ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་23ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཕུགས་འདུན་ལ་རམ་འདེགས་བྱས་ནས་ཐུན་མོང་ཐོག་འབྱུང་འགྱུར་གཏོད་ཅེས་པའི་སློབ་ཆེན་ཐོན་པའི་དབང་སྐྱོན་སློབ་མའི་གདན་ཞུའི་འདུ་ཚོགས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ་འཚོགས་པ་རེད།
གདན་ཞུའི་འདུ་ཚོགས་ཀྱི་ཡུལ་དངོས་སུ་རྣམ་པ་སྤྲོ་སེམས་འཁོལ་བ་དང་སྒྲིག་ལམ་གོ་རིམ་ལྡན་པ་དང་ལུས་ལ་ཕུ་མེད་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་བཞིས་གདན་ཞུའི་ནང་ཡོང་མཁན་དབང་པོ་སྐྱོན་ཅན་ལ་སྲིད་ཇུས་བློ་འདྲི་དང་ལས་འཚོལ་ཐོ་འགོད་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་རེད། ཁེ་ལས་གདན་ཞུའི་མི་སྣས་ངང་རྒྱུད་རིང་པོས་སློབ་མ་ཚོའི་ལས་གནས་ཀྱི་འགན་འཁྲི་དང་། གླ་ཕོགས། ལས་རིགས་འཕེལ་རྒྱས་སོགས་ཐད་ཀྱི་གནད་དོན་ལ་ལན་བཏབ་པ་དང་འབྲེལ་སློབ་མ་ཚོའི་ཆེད་ལས་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་ལ་ཁས་ལེན་དང་ལྕག་སྐུལ་གང་ལེགས་བྱས་ཡོད་པ་རེད།
ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ལ་ཁྱོན་ཁེ་ལས་31ཧུར་ཐག་ཞུགས་ནས་སྐུ་མགྲོན་ལ་ཞབས་ཞུ་དང་། ལག་ཤེས་བཟོ་རྩལ། གྲངས་གཞི་ཕབ་འཇུག གཙང་སྦྲ་སོགས་ཁྱབ་ཁོངས་མང་པོའི་ལས་གནས་307མཁོ་འདོན་བྱས་ཡོད་པ་རེད། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་ཞུའི་འདུ་ཚོགས་དེ་གཉེར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་གདམ་ག་མང་པོ་མཁོ་འདོན་བྱས་པ་དང་། ལས་གནས་ཕུན་སུམ་ཚོགས་པ། གླ་ཕོགས་ཀྱང་ཡག་པོ་ཡོད་པས་། ངས་ལོ་རྒྱུས་མདོར་བསྡུས་ཁ་ཤས་ཕུལ་ནས་བློ་ཡིད་ཚིམས་པའི་ལས་ཀ་ཞིག་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ལས་ཀ་འཚོལ་བར་ཡོང་བའི་སློབ་ཆེན་སློབ་མ་དབང་པོ་སྐྱོན་ཅན་འཕྲིན་ལས་བསོད་ནམས་ཀྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་དབང་པོ་སྐྱོན་ཅན་གྱི་ལས་ཀ་འཚོལ་མཁན་100ཙམ་གདན་ཞུར་ཡོང་བའི་ཡིད་དབང་བཀུག་པ་དང་ས་གནས་ས་ཐོག་ཏུ་ལས་ཞུགས་ཀྱི་འདོད་མོས་རགས་ཙམ་བྱུང་བ་རེད། ད་ཐེངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་དབང་པོ་སྐྱོན་ཅན་ལ་རྩ་ཆེའི་ལས་ཞུགས་གོ་སྐབས་མཁོ་འདོན་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཀྱང་སྔར་བས་བཏོད་ཡོད།
སླད་ཕྱིན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཊ་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུཊ་ལ་རོཊ་སྐྱོར་བྱེད་ཤུཊ་མུ་མཐུད་ཆེ་རུ་གཏོང་བ་དང་། ལས་ཞུཊ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། དབང་པོ་སྐྱོན་ཅན་ལ་ལས་ཞུཊ་གོ་སྐབས་དེ་བས་མང་བ་བསྐྲུན་ནས་མཉམ་སྐྲུན་མཉམ་སྤྱོད་ཁྲོད་ཁོང་ཚོར་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་བ་ཡོང་བར་བྱ་རྒྱུ་ཡིན་ཞེས་དང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་ང་ཚོས་ཁོང་ཚོར་དེ་བས་འཚམ་པའི་གདན་ཞུའི་འདུ་ཚོགས་གཉེར་ནས་ལས་ཀ་འཚོལ་མཁན་ལ་སྟེགས་བུ་བསྐྲུན་ཏེ་ནུས་ཤུཊ་ཡོད་རྒུས་ལས་ཞུཊ་ཐུབ་ཚད་མཐོ་རུ་བཏང་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལས་ཞུཊ་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཐང་ལུའུ་ཡིས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社