(པར་ངོས་དང་པོར་མཐུད)འབར་རླངས་མདོང་ལམ་གསར་རྐྱང་དུ་གྱུར་ནས་མདོང་ལམ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་རང་བཞིན་ཡང་ཆེས་ཆེར་མཐོ་རུ་ཕྱིན་ཡོད།
ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་ཀྱི་སྤྱི་གཉེར་མའོ་ཀྲི་པིན་གྱིས། ལྷ་སའི་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཅུང་ཆེ་བ་དང་མདོང་ལམ་གྱི་མཐུད་མཚམས་ཁ་ཤས་ལ་སྐྱོན་ཤོར་ཡོད་པས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ངེས་ཅན་ཞིག་ཡོད། ད་ཆ། ང་ཚོས་བཟོ་རྩལ་ལེགས་སུ་བཏང་སྟེ། འབར་རླངས་མདོང་ལམ་གྱི་མཐུད་མཚམས་ཁ་ཤས་ལ་ཚ་ལ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་ཡོད་པས་དེ་བས་བདེ་འཇགས་དང་སྤྱོད་ཤན་ཆེ་བ་ཆགས་ཡོད་ཅེས་བཤད།
གཙང་གསུམ་ཁྱིམ་གཞིས་ཆུང་ཁུལ་དུ་ཨར་ལས་ཚན་པས་གྲོང་མིའི་དུད་ཚང་ནང་འབར་རླངས་ཀྱི་ཉེན་བརྡ་གཏོང་ཆས་དང་རང་ཟུམ་སྟེམ་སྒོ་སྒྲིག་སྦྱོར་བྱེད་པ་དང་། ཉེན་བརྡ་གཏོང་ཆས་དང་རང་ཟུམ་སྟེམ་སྒོ་གཏན་འཇགས་བྱེད་པ། སྦྲེལ་མཐུད་སྤུས་ཚད་ལ་ཞིབ་བཤེར་བཅས་བྱེད་བཞིན་ཡོད། སྒྲིག་སྦྱོར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་སྐར་མ་20ལས་འགོར་མེད། དེའི་རིང་། ལས་དོན་པས་ད་དུང་ཁྱིམ་དུད་ལ་འབར་རླངས་ཀྱི་ཉེན་བརྡ་གཏོང་ཆས་དང་རང་ཟུམ་སྟེམ་སྒོ་སྤྱོད་པའི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་ཞིབ་ཕྲ་བཏང་ནས་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་སྐབས་སྤྱོད་མཁན་གྱིས་བདེ་འཇཊ་དང་བག་ཕེབས་ངང་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་2023ལོའི་ཟླ་11པར་ལས་འགོ་ཚུགས་པ་ནས་བཟུང་། ཨར་ལས་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་པ་དང་ཨར་ལས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད། ད་ཆ་རིམ་རྩིས་བྱས་ན། སྤྱི་ལེ་9.338ཡི་སྦས་ཚད་མི་འདང་བའི་གྲོང་ཁྱེར་དོ་དམ་གྱི་གནོན་འབྲིང་འབར་རླངས་མདོང་ལམ་བཅོས་སྒྲིག་དང་། སྟེམ་སྒོ་2902ཡི་བཙའ་མེད་པར་བཟོ་བ། སྟེམ་སྒོའི་ཁེབས་43སྒྱུར་བཀོད་བཅས་བྱས་པས་ལས་གཞི་སྤྱིའི་བརྒྱ་ཆ་81.70ལེགས་གྲུབ་ཟིན་ཡོད། ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་དང་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། ལས་གཞིའི་དོ་དམ་ནན་པོ་བྱེད་པ་དང་། སྤུས་ཚད་ཀྱི་བདེ་འཇཊ་ལ་དམ་འཛིན་ནན་པོ་བྱས་ནས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པའི་འགན་འཁྲི་ནན་དུ་གཏོང་བ། ལས་གཞིའི་སྤུས་ཚད་དོ་དམ་ཚོད་འཛིན་གྱི་བླང་བྱ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གཏན་འཁེལ་བྱས་པའི་བླང་བྱ་གཞིར་བཟུང་། འབར་རླངས་མདོང་ལམ་གྱི་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་ཀྱི་འཛུཊ་སྐྲུན་ལས་འགན་ལེཊ་སྒྲུབ་བྱས་ནས། འབར་རླངས་སྒྲིག་བཀོད་དང་སྒྲིག་ཆས་བདེ་འཇཊ་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ། གྲོང་མིའི་འབར་རླངས་སྤྱོད་པའི་བདེ་འཇཊ་རང་བཞིན་དང་ཉམས་ལེན་གྱི་ཚོར་སྣང་སྔར་བས་ཆེ་རུ་གཏོང་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社