(པར་ངོས་དང་པོར་མཐུད)མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། པེ་ཅིང་བོད་སྐྱོར་ཚོགས་པ་དང་ལྷ་སའི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། འཐབ་ཇུས་ཀྱི་ངོ་བོ། དམངས་འཚོའི་ངོ་བོ་བཅས་དམ་འཛིན་ནན་པོ་བྱས་ཏེ་སློབ་གསོའི་བོད་སྐྱོར་ཕྱོགས་སྒྱུར་རིམ་སྤོར་ལ་བརྟེན་ནས་བོད་ཀྱི་སློབ་གསོའི་མ་ལག་རང་བཞིན་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་བོད་སྐྱོར་སློབ་གསོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས་བྱས་ནས་སློབ་མའི་ཐོབ་སྣང་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། མི་གསོ་སྐྱོང་གི་གཡུལ་ས་གཙོ་བོར་དམིགས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རོགས་སྐྱོར་དང་ལེན་བྱེད་མཁན་ས་གནས་གཉིས་ཀྱི་སློབ་གསོའི་ཁོངས་གཏོགས་དང་སློབ་གྲྭའི་འབྲེལ་གཏུགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སློབ་མ་འཚར་ལོངས་ཡོང་བར་ཕན་པའི་རྒྱུ་རྐྱེན་གཙོ་བོ་མཐའ་དག་བསྡུ་རུབ་བྱས་ཏེ་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་ཆགས་པར་བྱས་ཏེ་ཀུན་སྤྱོད་དང་།ཤེས་རིག ལུས་རྩལ།མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་གནང་བ་རེད།
ཚའེ་ཧྲོའུ་ཁོན་གྱིས་བྱེད་སྒོའི་ཁྲོད་པེ་ཅིང་ལ་ས་ཁུལ་གཉིས་ཀྱི་སློབ་གྲྭར་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ལྷག་པར་དུ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཡིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱེད་སྒོ་ཡུན་རིང་སྤེལ་ནས་སློབ་གསོའི་བོད་སྐྱོར་སྤུས་རྟགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་ཡོང་བའི་རེ་བ་ཡོད་ཅེས་དང་། ཚའེ་ཧྲོའུ་ཁོན་གྱིས་པེ་ཅིང་གི་དགེ་སྒྲུབ་ཐོག་མ་བོད་ཡོངས་དང་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཕན་པ་ཐོབ་པ་དང་།མི་རིགས་ཁག་གི་སློབ་མའི་དུས་ཆེན་ལ་མཉམ་དུ་གླུ་ལེན་གར་འཁྲབ།མི་རིགས་ཁག་ལ་སྐྱིད་སྡུག་མཉམ་མྱོང་། གྲགས་ཁྲེལ་མཉམ་འབྲེལ། ཤི་གསོན་མཉམ་འབྲེལ། ལས་དབང་མཉམ་འབྲེལ། ཐུན་མོང་ཚོགས་པའི་འདུ་ཤེས་དངོས་འབྲེལ་འཛུགས་ཐུབ་པ་བྱེད་དགོས་ཞེས་དང་། ང་ཚོས་རང་ཉིད་ཀྱི་འཚོ་བ་བྲིས་ནས་བློ་སེམས་གཅིག་མཐུན་ངང་འཚར་ལོངས་ཡོང་བར་བྱས་ཏེ་པེ་ཅིང་དང་ལ་ཏིང་མེ་གླིང་གི་སློབ་མའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། གཞོན་ནུ་སློབ་མ་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社