分享按钮

གྲོང་ཁྱེར་ཡོངས་ཀྱི་སྔོན་རྩིས་ལག་བསྟར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་23ཉིན།གྲོང་ཁྱེར་ཡོངས་ཀྱི་སྔོན་རྩིས་ལག་བསྟར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་དམིགས་ཡུལ་ནི་མིག་སྔའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་།གནད་དོན་དང་།

སྐྱོན་ཆ།ཞན་ཆ་བཅས་འཚོལ་བ།དམིགས་ཚད་གཏན་འཁེལ།འགག་སྒྲོལ་དཀའ་ངལ་སེལ་བཅས་བྱས་ནས་དུས་ཚིགས་གསུམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་ཡོང་གཏན་འཁེལ་བྱས་པའི་དམིགས་ཚད་དུ་སླེབས་ཐུབ་པར་བྱ་རྒྱུ་དེ་ཡིན།

ཚོགས་འདུའི་ཐོག གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་ཟླ་དང་པོ་ནས་བདུན་པའི་བར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་།ཟླ་དང་པོ་ནས་བརྒྱད་པའི་བར་གྱི་སྔོན་དཔག་ལག་བསྟར་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་།རྫོང(ཆུས)ཁག་དང་།བྱེད་ནུས་གླིང་ཁུལ།འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་བཅས་ཀྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཏེ་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་བཏང་ནས་ནོར་སྲིད་གཏོང་ཡོང་གི་དམིགས་ཚད་བདེ་འཇགས་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

དགྲ་འདུལ་གྱིས་མིག་སྔའི་སྔོན་རྩིས་ལག་བསྟར་ལ་འཕྲད་པའི་གནད་དོན་དང་འགྲན་སློང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།སྔོན་རྩིས་ལག་བསྟར་དོ་དམ་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་ཏན་ཏིག་འཇོག་དགོས་པ་དང་།ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་གཏོང་ཡོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ཀྲུང་དབྱང་དང་།ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

དགྲ་འདུལ་གྱིས་ཡོང་འབབ་ཀྱི་དམིགས་ཚད་ལ་དོ་སྣང་ནན་པོ་བྱེད་པ་དང་།ཡོང་འབབ་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ།ནོར་ཁྲལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྲིད་ཇུས་ཁག་གི་ཁེ་སྤོགས་ལོངས་སུ་སྤྱོད་དགོས་པའི་འགན་ལེན་བྱེད་དགོས་པ་དང་།གཏོང་སྒོ་ལག་བསྟར་དམ་འཛིན་ནན་པོ་དང་།ལག་བསྟར་ངོས་འཛིན་མཐོར་འདེགས།ནང་ཁུལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ།ནོར་སྲིད་མ་དངུལ་བེད་སྤྱོད་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་པོ་བཟོ་བ་དང་།

གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བ།ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དེ་གློག་དང་ལྡན་པའི་གློག་ཆེན་དུ་དངོས་སུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུ་དེ་བརྙན་ལམ་ཚོཊ་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་།གྲོང་ཨུད་རྩ་འཛུགས་པུའུ་དང་།གྲོང་ཁྱེར་ནོར་སྲིད་ཅུས།གྲོང་ཁྱེར་ཁྲལ་དོན་ཅུས།གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུཊ་ཡོད།རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རར་ཞུགས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-27 6 6 拉萨日报藏文 c186835.html 1 གྲོང་ཁྱེར་ཡོངས་ཀྱི་སྔོན་རྩིས་ལག་བསྟར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ། /enpproperty-->