ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོར་སྣེའུ་ཁུལ་གསར་གྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་སེམས་ཁྲལ། དཀའ་ངལ།རེ་སྒུག་སོགས་ལ་དམ་པོར་དམིགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་པར་མ་ཟད།དམངས་འཚོ་ལ་ཕན་པ་དང་དམངས་སེམས་དྲོ་བའི་དམངས་འཚོའི་ལས་གཞི་རེ་རེ་བརྒྱུད་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ལ་ལན་སློག་ནས་བདེ་སྐྱིད་ལྡན་པའི་སྣེའུ་ཁུལ་གསར་སྐྲུན་ཆེད་རྨང་གཞི་ཡག་པོ་བཏིང་བ་རེད།
ཉེ་ཆར་གསར་འགོད་པས་སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་དང་པོའི་ནུས་མང་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་བཟོ་པ་ཚོས་ཁང་པའི་ནང་ཁུལ་ལ་མཛེས་རྒྱན་སྤྲོས་པའི་ལས་དོན་སྤེལ་བཞིན་ཡོད་པ་མཐོང་བྱུང་། ནུས་མང་ཐོག་བརྩེགས་ཁང་ཆེན་དེ་བསྐྲུན་རྗེས་གླུ་གཞས་དང་། ལུས་རྩལ།སློབ་གསོ།རོལ་རྩེད་ཆེ་གྲས། དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ།སློབ་ཐོན་མཛད་སྒོ་སོཊ་སྣ་མང་ཅན་གྱི་ནུས་པ་ཐོན་རྒྱུ་རེད།
སྣེའུ་ཁུལ་གསར་གྱི་བུ་བཅོལ་ཁང་དང་པོའི་ནུས་མང་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་རྣམ་གྲངས་ཀྱི་ཅིང་ལི་ཀྲེང་ཡུང་ཆན་གྱིས་མིག་སྔར་མྱུར་ཚད་ཀྱི་བརྒྱ་ཆ་60ལེགས་གྲུབ་ཟིན་པ་དང་རྗེས་སུ་མུ་མཐུད་ནང་ཁུལ་གྱི་ཁོར་ཡུག་མཛེས་བཟོ་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཟླ་8པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད།ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་རྗེས་བྱིས་པར་རོལ་རྩེད་བྱ་ཡུལ་དང་སྒྲིག་ཆས་དེ་བས་ལེགས་པ་མཁོ་འདོན་བྱས་ནས་ཁོ་ཚོ་བདེ་ཐང་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
སྣེའུ་ཁུལ་གསར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་དེའང་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད། རྣམ་གྲངས་བསྐྲུན་རྗེས་བྱིས་པའི་བདེ་སྲུང་ཚན་ཁག་དང་།བུད་མེད་ཀྱི་བདེ་སྲུང་ཚན་ཁག གཟུགས་པོའི་བརྟག་དཔྱད་ལྟེ་གནས་སོགས་ཚུད་པའི་སྨན་བཅོས་སྤྱི་པའི་འཕྲོད་བསྟེན་དང་དེ་བཞིན་གཞོགས་འདེགས་ཚན་ཁག་མང་པོ་བཙུགས་ནས་སྨན་བཅོས་དང་། སྔོན་འགོག སློབ་ཁྲིད། བདེ་སྲུང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྡེ་ཁུལ་སྨན་ཁང་གཏོད་རྒྱུ་ཡིན་པ་རེད།
སྣེའུ་ཁུལ་གསར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་པ་ལིའུ་ཁྲེང་པིང་གིས་ད་ཆ་ང་ཚོའི་ལས་གྲྭ་དེའི་བརྒྱ་ཆ་85ལེགས་གྲུབ་ཟིན་པ་དང་ནང་ཁུལ་མཛེས་བཟོ་དང་སྔོ་ལྗང་འདེབས་འཛུགས་སོགས་བྱེད་བཞིན་ཡོད་པས། སྔོན་དཔག་བྱས་ན་ཟླ་8ཚེས་20ཉིན་ཡས་མས་སུ་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
དེ་རྗེས་གསར་འགོད་པས་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་གི་ཟ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་ལས་ཡུན་ཛ་དྲག་ལ་ལས་འགན་ལྕི་བའི་གནས་ཚུལ་འོག་ཨར་ལས་ཕྱོགས་ཀྱིས་ཨར་ལས་ཀྱི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་ལ་འགན་ལེན་གང་ལེགས་བྱས་ཏེ་སློབ་དུས་གསར་པ་སློབ་འགོ་ཚུགས་སྐབས་ཟ་ཁང་གི་རྣམ་པར་འགྱུར་ལྡོག་གཏོང་བའི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱས་ནས་ཟ་ཁང་གི་བཀོད་པ་གསར་རྐྱང་དང་། ཁོར་ཡུག་ཡངས་པ། སྒྲོག་ཙེ་དང་རྐུབ་སྟེགས་གསར་རྐྱང་བཅས་ཀྱི་རྣམ་པའི་ཐོག་ནས་དགེ་སློབ་བསུ་རྒྱུ་ཡིན་པ་མཐོང་བྱུང་།
སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་གི་ཟ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ལག་རྩལ་འགན་འཁུར་བ་ཀྲའོ་ཡུང་གིས་ཟ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་སྒྲོམ་གཞི་གཙོ་བོའི་ལས་གྲྭའི་བརྒྱ་ཆ་70ཡན་ལེཊ་གྲུབ་ཟིན་པ་དང་ད་ཆ་ཐོག་ཕུབ་ཟིན་ནས་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཟ་ཁང་བསྐྱར་བཟོ་བྱས་རྗེས་མི་520ཤོང་ཐུབ་པས་དེ་སྔའི་ཟ་ཁང་ལས་ཁོར་ཡུག་དེ་བས་ལེཊ་སུ་ཕྱིན་ནས་སློབ་མར་ཟ་མ་ཟ་བའི་མྱོང་ཚོར་དེ་བས་ཡག་པ་ཡོང་རྒྱུ་དང་། སྔོན་དཔག་བྱས་ན་ཟླ་8པའི་ཟླ་མཇུག་ཏུ་རྩིས་སྤྲད་ནས་བེད་སྤྱོད་བྱ་རྒྱུ་རེད་ཅེས་བཤད།
གསར་འགོད་པས་སྟབས་བདེ་ཞིང་ཉམས་དོད་པའི་འཛུགས་སྐྲུན་དང་། ཡངས་ཤིང་བདེ་བའི་རྒྱུག་ལམ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社