ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཅིང་བོད་སེམས་མཐུན་ཡི་གེ་བྲིས་པ་ལྟར་གསལ་ཞེས་པ་གཙོ་དོན་དུ་བྱས་པའི་གྲོས་འདོན་སྐུལ་སྤེལ་ཚོགས་ཆེན་འཚོགས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའི་ཁོངས་མི་དང་། རང་སྐྱོང་ལྗོངས་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས་གསུང་བཤད་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བཀོད་འདོམས་པ་བཅས་ཡིན་པའི་ཝང་མིང་ཀྲེ་དང་། པེ་ཅིང་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཀྲུའུ་ཅོན་གྱིས་སྔ་རྗེས་སུ་ཤིས་ཚིག་གསུངས་གནང་བ་རེད།
ཝང་མིང་ཀྲེས་རྒྱལ་ཡོངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ་ད་ཐེངས་ཀྱི་བྱེད་སྒོ་སྒྲིག་འཛུཊ་བྱས་པ་དེ་ནི་པེ་ཅིང་བོད་སྐྱོར་ཚོགས་པ་དང་པེ་ཅིང་དང་ལྷ་སའི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ་ཞིག་རེད།པེ་ཅིང་གྲོང་ཁྱེར་གྱི་རིཊ་གཅིག་མཁས་ཅན་དང་དགེ་སློབ་ཚོས་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུཊ་སྐྱོང་དང་། རྨང་གཞིའི་སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་དང་ཚན་རིག་སློབ་གསོ་ཟུང་འབྲེལ་གྱི་ལས་དོན་ལ་དམིཊ་ནས་ལྷ་སར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཝང་མིང་ཀྲེས་སློབ་གསོའི་བོད་སྐྱོར་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社