བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ།ན་ནིང་བཙུགས་པའི་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་ཁོངས་གཏོགས་སུ་སྡོད་ཁང་ཁུལ་ཆུང་6ཡོད་པ་དེའི་ནང་ཚོང་ཟོག་ཁང་པ་དང་དེ་བཞིན་ཐུན་མོང་བདག་དབང་ཡོད་པའི་སྡོད་ཁང་ཚུད་ཡོད་པ་དང་།གྲོང་མི་4000ལྷག་ཙམ་ཡོད་པ་རེད།བཙུགས་པའི་དུས་ཚོད་ཐུང་བ་དང་།ཁྱིམ་དུད་དབར་གྱི་འབྲེལ་བ་དམ་ཟབ་མེད་པ།གྲོང་མིའི་དགོས་མཁོ་དང་རེ་སྒུག་དབར་ཧེ་བག་ཡོད་པ་སོགས་གསར་དུ་བཙུགས་པའི་སྡེ་ཁུལ་ཞིག་ཡིན་པའི་གླིང་ཆུང་སྡེ་ཁུལ་ལ་འགལ་བ་དང་འགྲན་སློང་མང་པོ་འཕྲད་ཡོད།
གླིང་ཆུང་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བསྟན་འཛིན་གྱིས་ད་ལྟའི་གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད།གླིང་ཆུང་སྡེ་ཁུལ་གྱིས་སྡེ་ལས་དོ་དམ་ཡག་པོ་དང་།སྤྱི་ཚོགས་ལས་བཟོ་པའི་དཔུང་ཁག་ཡག་པོ།སྡེ་ཁུལ་ཞབས་ཞུ་ཡག་པོ།རང་སྐྱོང་རྩ་འཛུགས་ཡག་པོ་བཅས་ཀྱི་འདུ་ཤེས་བཟང་པོ་བཞི་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་འདུ་འགོད་ལྔ་དང་ཁྲེང་ཀོན་ཁུལ་གྱི་ལྔ་ལྔའི་ལས་ཀའི་བྱ་ཐབས་ཀྱི་བྱ་སྤྱོད་དེ་རྩ་འཛིན་དུ་བྱས་ནས་ཐབས་ལམ་གསུམ་གྱི་ཟུང་འབྲེལ་བྱ་ཐབས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་གྲོང་མི་རྣམས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐུལ་སྤེལ་གང་ལེགས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་མངོན་འགྱུར་ཡོང་བར་བྱས་ཡོད་ཅེས་བཤད།
དོ་དམ་དང་བཅོས་སྐྱོང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་འཆམ་མཐུན་དང་གནས་སྡོད་དང་འཚམ་པར་སྐུལ་འདེད་བཏང་བ།
གླིང་ཆུང་སྡེ་ཁུལ་གྱིས་རིམ་པ་ལྔའི་སྒྲོམ་གཞིའི་གཞི་རིམ་རྩ་འཛུགས་མ་ལག་ལག་བསྟར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་སྡེ་ཁུལ་དོ་དམ་དང་གྲོང་མིའི་རང་སྐྱོང་གི་ལས་ཀའི་རྣམ་པ་འདོན་སྤེལ་གང་ལེགས་བྱས་ཏེ།དུས་འགོར་དྲ་མིག་ལ་བརྟེན་ནས་དྲ་མིག་པ་དང་ཏང་ཡོན་གྱི་ལྟེ་གནས་དུད་ཚང་གཙོ་བོར་བྱས་ཏེ་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་བརྟག་ཞིབ་དང་འཚོལ་ཞིབ་བྱེད་པ་དང་།དུས་དཀྱིལ་དུ་དྲ་མིག་ཅན་གྱི་ཁ་ཆད་ཡོད་པའི་དོན་གྲོས་བྱེད་ས་སྟེགས་བུར་བྱས་ཏེ་སྡེ་ཚན་གྱིས་དབྱེ་ཞིབ་དང་།ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་བྱེད་པ།ཇུས་གཞི་བཟོ་བ་སོགས་ཀྱི་གོ་རིམ་བརྒྱུད་གྲོས་མོལ་དང་དོན་གྲོས་གང་ལེགས་བྱེད་པ།དུས་མཇུག་ཏུ་ཁྲིམས་སྲོལ་དང་སྲོལ་ཡིག་གཞིར་བཟུང་བཅོས་སྐྱོང་གི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་།ཐེན་ཧྥུང་བཀྲ་ཤིས་ཞི་མཐུན་གླིང་དང་།ཤང་ཞུའེ་ཅ་ཡོན།ཅ་ཧོ་འབྱུང་འགྱུར་གྲོང་ཁྱེར་ཁུལ་ཆུང་བཅས་ཀྱི་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་སྐབས་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་མཛུབ་ཁྲིད་བྱས་པ།གཞི་རིམ་གྱི་ཚོགས་སྤྱི་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ།གྲོང་མིར་རང་སྐྱོང་དབང་ཆ་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་།དུས་མཉམ་དུ་ཐེན་ཧྥུང་བཀྲ་ཤིས་ཞི་མཐུན་གླིང་ཁུལ་ཆུང་དུ་གསར་བརྗེའི་སྡེ་ལས་རྣམ་པ་དཔྱད་གཞིར་འཛིན་པ་དང་།སྡེ་ཁུལ་དང་།དྲ་བ།དོ་བདག་ཨུ་ལྷན།སྡེ་ལས་བཅས་ཟུང་འབྲེལ་གྱི་ཕྱོགས་བཞི་ལས་སྟེགས་སུ་བྱས་ཏེ།ཏང་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པའི་སེམས་པ་དམར་པོའི་ཁྱིམ་གཞིས་ལས་དོན་ས་ཚིགས་འཚོལ་ཞིབ་བྱས་ནས་བཏོད་པ་དང་།གསར་བརྗེའི་ཁུལ་ཆུང་དོ་དམ་ཞབས་ཞུའི་རྣམ་པ་གསར་པ་ཁྱབ་གདལ་དུ་བཏང་བ་དང་འབྲེལ།ཕྱོགས་བཞིའི་གྲོས་ཚོགས་དང་།འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་སྤུས་དག་བཏོད་པ།གསར་བརྗེའི་ཐོག་ཁང་གི་འགོ་འཛིན་གདན་ཞུའི་བྱེད་སྟངས་ཚོད་ལྟ་དང་ཁྱབ་གདལ་བཏང་ནས་མི་དང་།ས་ཆ།གནས་ཚུལ་བཅས་རྒྱུས་མངའ་ཡོད་པའི་འཚོལ་ཞིབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་རྩ་འཛུགས་དང་ལས་དོན་གཞི་རིམ་གྱི་མདུན་གྲལ་དུ་སྣུར་སྲིང་བྱས་པ།དོ་དམ་དང་བཅོས་སྐྱོང་ཟུང་འབྲེལ་བྱས་པ་བརྒྱུད། ཁུལ་ཆུང་བཅོས་སྐྱོང་གཅིག་གྱུར་གང་ལེགས་ཡོང་བར་བྱས་ཏེ་འགལ་བ་གཞི་རིམ་དུ་ནུས་ལྡན་ངང་སེལ་ནས་སྡེ་ཁུལ་འཆམ་མཐུན་དང་འཚོ་སྡོད་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ལམ་ལུཊ་དང་རྣམ་པ་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
གླིང་ཆུང་སྡེ་ཁུལ་གྱིས་དྲ་མིག་སྡེ་ཚན་དུ་བྱེད་པ་དང་། འཆར་འགོད་བཀལ་ནས་དམག་འཐབ་བྱ་རྒྱུ་དེ་འགག་གནད་སྒྲོལ་ས་དང་གྲངས་འབོར་དམིགས་ཚད་དུ་བྱས་ཏེ་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བའི་གཞི་རྩའི་བླང་བྱ་གཞིར་བཟུང་སྡེ་ཁུལ་གྱི་ཕུ་མེད་སྟོད་གོས་དམར་པོའི་ལེགས་ཆ་སྤྱད་དེ།ཉིན་ལྟར་གྲལ་བཤེར་ཆུང་བ་དང་གཟའ་འཁོར་རེར་གྲལ་བཤེར་ཆེ་བའི་ལས་ཀའི་ལམ་སྲོལ་ཁྱབ་གདལ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ཚོང་ཁང་སོགས་བྱ་ཡུལ་དུ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社