分享按钮

ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གྱི་གནད་དོན་ཐད་བཏོན་པའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་རྩ་བའི་ཐོག་ནས་སེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་ཡོངས་ཀྱི་འབར་རླངས་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་ཆེད། 2023ལོའི་ཟླ་11པར་ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། མིག་སྔར་རྣམ་གྲངས་དེར་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ལས་གཞི་སྤྱིའི་བརྒྱ་ཆ་81.70ལེགས་གྲུབ་ཟིན་ཡོད།

ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ལས་གཞིའི་ཁོངས་སུ་གཏོགས་ཤིང་། རྣམ་གྲངས་དེར་རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་4.632རེ་ཞུ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གྱི་གསར་བརྗེས་སྒྱུར་བཀོད་ཐད་སྤྱད་ཡོད། རྣམ་གྲངས་ཀྱི་ནང་དོན་གཙོ་བོ་ནི། སྦས་ཚད་ལ་སྤྱི་ལེ་11.5མ་ཟན་པའི་འབར་རླངས་མདོང་ལམ་དང་། སྟེམ་སྒོའི་བཙའ་སེལ་རུལ་འགོག་གྲངས་3465 འབར་རླངས་མདོང་ལམ་གྱི་མངོན་མེད་རྐྱེན་ངན་1277བཅས་བཅོས་སྒྲིག་དང་། དུད་ཚང་ཁྲི་9.11ཡི་ཁང་ཕྱིའི་མདོང་ལམ་སྒྱུར་བཀོད། དུད་ཚང་ཁྲི་16.2ལ་འབར་རླངས་ཀྱི་ཉེན་བརྡ་གཏོང་ཆས་དང་རང་ཟུམ་སྟེམ་སྒོ་སྒྲིག་སྦྱོར་བྱེད་པ་བཅས་ཚུད་ཡོད། རྣམ་གྲངས་དེ་2023ལོའི་ཟླ་11པར་ལས་འགོ་ཚུགས་པ་དང་། 2024ལོའི་ཟླ་10པར་ལས་མཇུག་འགྲིལ་བར་བྱ་རྒྱུ་ཡིན་ཞིང་། ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། སྟག་རྩེ་ཆུས། སྣེའུ་ཁུལ་གསར། རིག་གནས་བློ་གསར་གླིང་སོཊ་ལ་ཁྱབ་ཡོད། ཉིན་ཤས་གོང་། གསར་འགོད་པར་རྣམ་སྲས་སྡེ་ཁུལ་9ནས་ཨར་ལས་ཚན་པའི་ལས་དོན་པས་ཁྱིམ་དུད་ཀྱི་འབར་རླངས་མདོང་ལམ་ལ་སྒྱུར་བཀོད་བྱེད་བཞིན་པ་མཐོང་བྱུང་། སྒྱུར་བཀོད་བྱས་རྗེས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-27 6 6 拉萨日报藏文 c186828.html 1 ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ། /enpproperty-->