ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ཚོགས་པ་འཛུགས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཡིའུ་ཕུང་གིས་ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ཚོགས་པ་འཛུགས་པའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་དང་། 《ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་མི་སྒེར་གྱི་ཚོགས་མི་དང་ཚན་པའི་ཚོགས་མིའི་མིང་ཐོ》སོགས་ཀྱི་ཡིག་ཆར་གྲོས་བསྡུར་དང་སྤེལ་རེས་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ཡན་ཨན་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ཚོགས་པ་འཛུགས་རྒྱུའི་ལས་དོན་ལ་སྐུལ་སྤེལ་བཏང་བ་དེས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་ཐུབ་པར་མ་ཟད། ཡན་ཨན་གྱི་སྙིང་སྟོབས་དེ་གངས་ལྗོངས་ས་མཐོར་གཞིས་ཚུགས་པ་མཚོན་གྱི་ཡོད་པས་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་རིཊ་པའི་གཞུང་ལུཊ་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་རྒྱུར།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社