(པར་ངོས་དང་པོར་མཐུད)
ཝང་མིང་ཀྲེས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ། སློབ་གསོར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་སྤྱི་ཡོངས་ལ་དམིགས་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། ལྷ་སའི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་པ་དང་། རྟག་ཏུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སློབ་གསོའི་བོད་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ཏེ། སློབ་གསོའི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ། དེ་བས་དགེ་མཚན་ལྡན་པ་དང་སྒོ་དབྱེ་ནུས་ལྡན་གྱི་སློབ་གསོའི་ཤེས་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ནས། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་དང་སྤེལ་རེས་གཏིང་ཟབ་དང་མཉམ་ལས་རྒྱ་ཁྱབ་བྱས་ཏེ། རྩིས་རིག་དང་། དངོས་ལུགས། རྫས་འགྱུར་གསུམ་རིག་ཚན་གཙོ་བོར་བྱེད་པའི་འཚོལ་ཞིབ་དང་ལག་ལེན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། པེ་ཅིང་དང་ཅང་སུའུ་ཡི་སློབ་གསོའི་ཁོངས་གཏོགས་དང་འབྲེལ་གཏུགས་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ཐོག སློབ་གསོའི་བོད་སྐྱོར་ལས་དོན་དེ་ཕྱོགས་གཉིས་ཀར་སྤེལ་བ། དགེ་རྒན་གྱི་ཀུན་སྤྱོད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གཏོད་ཤུགས་ཆེ་རུ་བཏང་སྟེ། སློབ་ཁྲིད་དང་སློབ་གསོ་ཆ་འཕྲིན་ཅན་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་ཞིབ་འཇུག་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་དགོས་པ། ཞིབ་འཇུག་ལ་བརྟེན་ནས་སྦྱོང་བརྡར་གྱི་ཚབ་བྱས་ཏེ་སློབ་ཁྲིད་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་ཆེད་སྒུལ་ནུས་གལ་ཆེན་བསྣན་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཤེས་བྱའི་ཆུ་ཚད་རྒྱུགས་ལེན་གྱི་སྒྲིག་གཞི་དང་ལག་བསྟར་བྱེད་ཤུགས་ནན་དུ་བཏང་ནས་དགེ་རྒན་རྒྱུགས་ལེན་དང་། གསོ་སྐྱོང་། གོ་གནས་འབེབས་པ། སློབ་སྒྱུར། ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ་དམངས་ཕན་གྱི་བྱ་བ་ལེགས་པར་བསྒྲུབ་དགོས།
བྱེད་སྒོའི་ནང་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཧོང་ཁྲེང་ཀེན་སློབ་ཆུང་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དབར་མཛའ་གྲོགས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ཞུས་ཀྲོའུ་བྱིས་པ་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
(བུ་ཆུང་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社