(པར་ངོས་དང་པོར་མཐུད)ཆེད་ལས་20ལྷག་ཙམ་གསར་དུ་བསྐྲུན་པ་དང་། ནད་ཐོག་སྨན་བཅོས་ཀྱི་གཞི་ཁྱོན་ཚན་ཁག་13དང་ནད་ཁུལ་8ནས་ཚན་ཁག་26དང་ནད་ཁུལ་20བར་མང་དུ་ཕྱིན་ཡོད་པ་རེད། པེ་ཅིང་གི་སྨན་ཁང་11དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབར་སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི་གྲོས་མཐུན་བཞག་ནས་ཚན་ཁག་11ལ་བརྒྱུད་རོགས་ཁྲིད་གསུམ་བྱས་པ་རེད། ཕྱོགས་ཡོངས་ཀྱི་རོགས་སྐྱོར་འོག་པེ་ཅིང་མཛའ་གྲོགས་སྨན་ཁང་གིས་ནུས་ཤུགས་ཡོད་རྒུས་འགན་ཁུར་བའི་གྲོང་ཁྱེར་མི་དམངས་སྨན་ཁང་གི་འཇུ་བྱེད་ཁོག་ནད་ཚན་ཁག་ལ་རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་གི་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཆོག་མཆན་ཐོབ་པ་རེད། རིག་ཚན་གསར་པ་རེ་རེ་བཞིན་ཐོན་པ་དང་མཚན་སྙན་རེ་རེ་བཞིན་ཐོབ་པ་དེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
གྲོང་ཁྱེར་མི་དམངས་སྨན་ཁང་གི་འཇུ་བྱེད་ཁོག་ནད་ཚན་ཁག་གི་བོད་སྐྱོར་ཀྲུའུ་རེན་ལིའུ་ཁུའེ་ལེང་གིས་ང་ཚོར་2015ལོའི་ཟླ་8པ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱས་ཤིང་། 2018ལོ་ནས་བཟུང་། སྨན་ཁང་ལ་བརྟེན་ནས་ཚན་ཁག་འགན་གཙང་ལེན་པའི་གྲོས་མཐུན་བཞག་ནས་རྐང་འཛིན་སྨན་པ་6ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་བོད་སྐྱོར་ཀྲུའུ་རེན་གྱི་འགན་འཁུར་དུ་བཏང་བར་མ་ཟད། དགེ་རྒན་གྱིས་སློབ་མ་ཁྲིད་པའི་གསོ་སྐྱོང་ལམ་སྲོལ་བརྒྱུད་ནད་ཐོག་སྨན་བཅོས་ཀྱི་ཕུལ་བྱུང་གཞོན་ནུ་རྐང་འཛིན་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། 2023ལོའི་ཟླ་8པར་ང་ཚོའི་ཚན་ཁག་ལ་རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྲུན་རྣམ་གྲངས་ཐོབ་ནས་ས་མཐོའི་ས་ཁུལ་མང་པོ་ཞིག་གི་ལག་རྩལ་སྟོང་ཆ་ཁག་དང་པོ་ཁ་སྐོང་བྱས་པ་དང་།ལྷག་པར་དུ་འཇུ་བྱེད་ནང་ཤེལ་གྱི་མཁྲིས་ཤན་ནད་སྨན་བཅོས་ཁྱབ་ཁོངས་དང་འཇུ་ལམ་འབྲས་སྐྲན་ཐོག་མའི་ནང་ཤེལ་གྱི་རྨ་ཁ་ཆུང་བའི་སྨན་བཅོས་ཁྱབ་ཁོངས་ཐད་ཚད་བརྒལ་བྱུང་ཡོད་ཅེས་བཤད།
2017ལོར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བདེ་བླག་ངང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བཏོད་པ་དང་། དེའི་རྗེས་སུ་2018ལོར། བོད་རང་སྐྱོང་ལྗོངས་ཀྱི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་དང་། 2020ལོར། རྒྱལ་ཁབ་ཕྱོགས་བསྡུས་གཟའ་གྲིབ་འགོག་བཅོས་ལྟེ་གནས་། 2021ལོར་རྒྱལ་ཁབ་བྲང་གཟེར་སྨན་བཅོས་ལྟེ་གནས། 2022ལོར་ཀྲུང་གོའི་རྨས་སྐྱོན་སྐྱོབ་བཅོས་མནའ་འབྲེལ་སྐྱོབ་བཅོས་ལྟེ་གནས་བཅས་ཀྱི་སྒོ་བྱང་བཀལ་བ་རེད། དེ་དང་ཆབས་ཅིག་ད་དུང་རྒྱལ་ཁབ་ཀྱི་ནད་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞི་དང་།རང་སྐྱོང་ལྗོངས་བྱིས་ནད་ཚན་ཁག་གི་ཆེད་སྦྱོང་ཚན་ཁག་གི་སྨན་གཡོག་གསོ་སྦྱོང་རྟེན་གཞི་སོགས་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་བཅས་སྒྲིག་གཞི་མང་པོ་བདེ་བླག་ངང་བསྐྲུན་ཡོད་པ་རེད། བོད་སྐྱོར་སྨན་བཅོས་རུ་ཁག་གིས་ནང་འདྲེན་བྱས་པའི་ལག་རྩལ་གསར་པ་ཁག་60ལ་ཉེ་བ་དང་།དེ་བཞིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྣེ་ཁྲིད་ཚན་པ་བྱས་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་དེས་ས་མཐོའི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཐད།སྨན་ཁང་གིས་མཁྲེག་ཆས་འཛུགས་སྐྲུན་དང་ལག་རྩལ་ནང་འདྲེན་ལ་སྣང་ཆེན་བྱེད་པ་ཁོ་ན་ཙམ་མིན་པར། ས་གནས་འདི་གའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་དེ་བས་གཞོལ་ནས་གཞན་རྟེན་ནས་རང་བརྟེན་བར་གྱི་འགྱུར་ལྡོག་བྱུང་ཡོད། བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ས་གནས་འདི་གའི་སྨན་དོན་པ་390ལྷག་ཙམ་དང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་མཁས་དབང་145དབར་དགེ་སློབ་ཀྱི་འབྲེལ་བ་བཙུགས་ཡོད། དམར་ཁྲིད་དང་གསོ་སྦྱོང་བྱས་པ་བརྒྱུད།ས་གནས་འདི་གའི་སྨན་དོན་པ་མགྱོགས་མྱུར་ངང་འཚར་ལོངས་བྱུང་ཡོད། ད་ཆ་ལག་རྩལ་གསར་པ་170ལྷག་ཙམ་ས་གནས་འདི་གའི་ལས་བྱེད་པས་རང་ཚུགས་ངང་ཁོང་དུ་ཆུད་པ་དང་འབྲེལ་ནད་ཐོག་སྨན་བཅོས་ཐད་སྤྱོད་ཀྱི་ཡོད་པ་དང་། ལྗོངས་ནང་ཁུལ་གྱི་ལག་རྩལ་སྟོང་ཆ་བཅུ་ཕྲག་ཁ་ཤས་ཁ་སྐོང་བྱས་ཏེ་རང་ལྗོངས་ཀྱི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཐད་ཀྱི་ཞབས་འདེགས་ཞུས་ཡོད།
གྲོང་ཁྱེར་མི་དམངས་སྨན་ཁང་གི་དབུགས་གཏོང་ལེན་དང་ནད་གཞི་ཚབས་ཆེན་ཚན་ཁག་གི་ཀྲུའུ་རེན་གཞོན་པ་པ་སངས་ཀྱིས་སྨན་ཁང་གི་འགོ་ཁྲིད་དང་པེ་ཅིང་གི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་2021ལོའི་ཟླ་3པར། ང་ཚོའི་དབུགས་རྔུབ་གཏོང་ཁོག་ནད་ཚན་ཁག་འདི་ཉིད་དེ་སྔའི་ཁོག་ནད་ཚན་ཁག་ཆེན་མོའི་རྨང་གཞིའི་ཐོག་དངོས་སུ་བཙུགས་པ་དང་འབྲེལ་ང་ཚོའི་ཚན་ཁག་ལ་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་བོད་སྐྱོར་ཀྲུའུ་རེན་ཁག་དང་པོ་སླེབས་པས་ང་ཡང་དགེ་རྒན་གྱི་སློབ་ཕྲུག་ཁག་དང་པོར་གྱུར་ཡོད། སློབ་ཚན་འགོ་ཚུགས་པའི་ཐོག་མའི་དུས་སུ་རིག་ཚན་འཛུགས་སྐྱོང་དང་རིམ་བཞིན་འཛུགས་སྐྱོང་བལྟོས་བཅས་ཀྱིས་ཞན་པོ་ཡོད། བོད་སྐྱོར་དགེ་རྒན་གྱིས་ཚན་ཁག་གི་གནས་ཚུལ་ལ་གཞིགས་ནས་དབུགས་གཏོང་ལེན་དང་གློག་རྡུལ་དབང་བོའི་ལག་རྩལ་གྱི་སྨན་བཅོས་བྱས་ནས་ལྷ་ས་གྲོང་ཁྱེར་གྱིས་ལག་རྩལ་དེའི་ཐད་ཀྱི་སྟོང་ཆ་བསྐངས་བ་དང་། དབུགས་རྔུབ་གཏོང་མ་ལག་གི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། དགེ་རྒན་གྱིས་རོགས་རམ་གནང་བའི་འོག་ང་རང་གི་ལག་རྩལ་ཐད་འཕེལ་རྒྱས་མྱུར་པོ་བྱུང་བས་རྒན་ལགས་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་དགེ་རྒན་གྱི་བསླབ་བྱ་མཐའ་འཁྱོངས་བྱ་རྒྱུ་དང་ལག་རྩལ་ལེགས་པོར་བརྟེན་ནས་ནད་པར་ཞབས་འདེགས་ཞུ་རྒྱུ་ཡིན། བརྩེ་སེམས་དང་འགན་འཁྲི་བརྒྱུད་སྤྲོད་བྱས་ནས་སྨན་བཅོས་བྱ་གཞག་འཕེལ་རྒྱས་གཏོང་བར་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
པེ་ཅིང་གི་སྨན་བཅོས་བོད་སྐྱོར་ལས་དོན་དེས་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་དགོས་མཁོ་དངོས་དང་ས་གནས་འདི་གའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་གཞིར་བཟུང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མཁས་དབང་འདེམས་མངགས་བྱས་ནས་རོགས་སྐྱོར་ལས་དོན་སྤེལ་ཡོད། རོགས་སྐྱོར་བྱེད་རིང་ས་གནས་འདི་གའི་རིག་གནས་དང་སྨན་བཅོས་ཀྱི་སྲོལ་རྒྱུན་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་།ས་གནས་འདི་གའི་སྨན་དོན་པའི་བསམ་འཆར་དང་གྲོས་འགོར་བརྩི་འཇོག་བྱས་ནས་སྤྱོད་གོ་ཆོད་པའི་རོགས་སྐྱོར་བྱེད་སྟངས་ཆ་ཚང་ཞིག་ཆགས་ཡོད་པ་རེད།
མུ་མཐུད་ནས་ཤུགས་སྣོན་རྒྱག་བཞིན་པའི་པེ་ཅིང་གི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་བས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་པར་མ་ཟད། པེ་ཅིང་དང་བོད་ས་གནས་གཉིས་ཀྱི་མི་དམངས་དབར་གྱི་མཛའ་བརྩེ་ཟབ་མོ་དེ་བས་ཟབ་ཏུ་ཕྱིན་ཡོད། པེ་ཅིང་གི་སྨན་བཅོས་ཚོགས་པ་ཁག་གིས་ས་མཐོར་འབད་འཐབ་བྱེད་པ་དང་། ཁོང་ཚོས་སྨན་བཅོས་ལག་རྩལ་སློབ་ཁྲིད་བྱེད་པར་མ་ཟད། གཅེས་སེམས་དང་དྲོ་སྐྱིད་དེ་བས་ཀྱང་བརྒྱུད་སྤྲོད་བྱས་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་སྲོག་སྐྱོབ་རྨས་བཅོས་ཀྱི་དམ་བཅའ་ལག་ལེན་དུ་བསྟར་བ་དང་། ལྷ་སའི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། ལིའུ་ཁུའེ་ལེང་གིས་ང་ཚོ་པེ་ཅིང་གི་བོད་སྐྱོར་སྨན་པ་ཡིན་པའི་ངོས་ནས་པེ་ཅིང་གི་བོད་སྐྱོར་གྱི་དགེ་མཚན་ཆེ་ཤོས་མཐའ་འཁྱོངས་བྱེད་པ་དང་། བོད་སྐྱོར་ཐེངས་གཅིག་བྱས་ནས་ཚེ་གང་བོད་སྐྱོར་བྱེད་པའི་བརྩེ་སེམས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་ཏེ་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社