(པར་ངོས་དང་པོར་མཐུད)
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། དུས་ནམ་ཡང་མུ་མཐུད་ནས་བསྒྲུབ་པ་ལས་མཇུག་བསྒྲིལ་རྒྱུ་མེད། རིམ་པ་ཁག་དང་ཚན་པ་ཁག་གིས་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲི་སྔར་བས་ཏན་ཏིག་ཏུ་གཏོང་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། གླེང་ཕྱོགས་ཀྱི་དྲང་ནུས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེན་མོའི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་དགོས། ཞན་ཆ་དང་མི་འདང་སར་དམིགས་ནས་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་དང་། གནད་དོན་གྱི་འབྱུང་ཁུངས་ལ་དམིགས་ནས་བཅོས་སྒྲིག་བྱ་རྒྱུར་དམ་འཛིན། ཡུན་རིང་གི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱ་རྒྱུར་དམ་འཛིན། གནད་དོན་ངོ་མ་ཐག་གཅོད་དང་། གནད་དོན་ངོ་མ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། བཅོས་སྒྲིག་ལས་དོན་ཁྲོད་བསགས་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་བརྟན་ཏུ་བཏང་སྟེ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། གོ་རིམ་ལྡན་པའི་སྒོ་ནས་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཡག་པོ་གཏོང་བ་དང་གཅིག་གྱུར་འཆར་འགོད་ཀྱི་ལས་དོན་གང་ལེགས་བསྒྲུབས་ཏེ། ཐར་ཐོར་ཅན་གྱི་ལས་དོན་མི་སྤེལ་བ་དང་། ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག་ནུས་ལྡན་དང་། ཕྱོགས་ཁག་གི་སྟོབས་ཤུགས་ལ་སྐུལ་སློང་། མ་ལག་ཅན་དང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་ལས་མང་བ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社