(པར་ངོས་དང་པོར་མཐུད)ཞིང་ཁ་བསྐྱར་འདེབས་སོགས་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་འབྲུབ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་འདིར་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་དང་།མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།སྙེ་མོ་རྫོང་གི་རིམ་ཁག་ལས་བྱེད་པས་འཕྲལ་དུ་དང་ལེན་དང་ཐག་གཅོད་ནུས་ལྡན་བྱས་པར་བརྟེན་མང་ཚོགས་བཀོད་སྒྲིག་འོས་འཚམ་ཐུབ་ནས་མི་སྣ་ཤི་རྨས་བྱུང་མེད་པར་མ་ཟད།འབྲུབ་འགོག་ནང་ཤི་རྨས་བྱུང་མེད་པའི་མཐའ་ཚད་སྲུང་ཐུབ་ཡོད།མིག་སྔར།ད་ཐེངས་ཀྱི་ཆུ་འབྲུབ་དུས་བརྟན་པོའི་ངང་སྒྲོལ་ཡོད་པ་དང་།གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད།
ཚེ་སྲོག་གོང་དུ་བཀུར་ཏེ་བདེ་འཇགས་ངང་གནས་སྤོས་པ།
ཟླ་7ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་9པར།སྙེ་མོ་ཤང་དུ་མུན་ནག་གི་ཡོལ་བ་ས་གཞི་ཡོངས་ལ་གཡོགས་ཡོད།གདོང་དཀར་གྲོང་ཚོའི་ཡུལ་མི་ཚེ་རིང་པ་སངས་གིས་དགོངས་ཟས་ཟས་ནས་ཕྲུ་གུ་གཉིས་དང་མཉམ་དུ་བསྡད་ཡོད།སྐབས་དེར་སྒྲ་ཆེན་པོ་ཞིག་གིས་དྲོ་སྐྱིད་ལྡན་པའི་རྣམ་པ་ཅིག་ཅར་དུ་གཏོར།ངས་རྡོ་ལྷུང་བའི་སྒྲ་ཐོས་རྗེས་ས་གཞི་དག་ཡོམ་ཡོམ་བྱེད་པའི་ཚོར་སྣང་ཞིག་བྱུང་།ཕྲུ་གུ་གཉིས་ཀ་སྐྲག་ནས་ངུ་བཞིན་མཆིས།ཙུའུ་ཀྲང་གིས་གློ་བུར་དུ་ཁ་པར་བརྒྱབ་ནས་ང་ཚོ་མགྱོགས་མྱུར་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་།ཚེ་རིང་པ་སངས་ཀྱི་ཁྱིམ་ཆུ་བོའི་འགྲམ་དང་ཐག་ཉེ་བས།དངངས་སྐྲག་སྐྱེས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཁོ་མོ་སྒེའུ་ཁུང་གི་མདུན་དུ་སོང་ནས་གནས་ཚུལ་གང་ཞིག་ཐོན་མིན་ལ་བལྟ་བར་ཕྱིན།དྲག་ཆར་ལས་བྱུང་བའི་འདམ་རྡོའི་ཆུ་རུད་ཐག་མི་རིང་བའི་ས་ནས་དྲག་ཏུ་རྒྱུག་ཡོང་བས།ཁོང་གིས་མྱུར་དུ་ཕྲུ་གུ་ཁྲིད་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཕྱོགས་སུ་རྒྱུགས།གློག་ཆད་པ་དང་མཐའ་འཁོར་ནི་མུན་ནག་ཏུ་གྱུར།ཁང་པའི་མདུན་དུ་འདམ་རྡོའི་ཆུ་རུད་བྱུང་བས།ཁྱིམ་དུ་ལོག་ཐབས་བྲལ།ཚེ་རིང་པ་སངས་ཀྱི་ནང་མི་ཚོ་ཕྱི་ལ་གནས་སྤོ་བྱེད་རྩིས་བྱེད་སྐབས་རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་གྱི་ལས་དོན་པ་ཡུལ་དངོས་སུ་སླེབས་པ་དང་།སྐབས་དེར་གདོང་དཀར་གྲོང་ཚོའི་ལུང་ཤུར་དུ་དྲག་ཆར་བབས་པས་གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཆར་པའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཞ་ཆུ་རྒྱས་ནས་ཆུ་བོ་ཉོག་པོར་གྱུར་བ་དང་།རྡོ་དང་རྡོ་བརྡུངས་པའི་སྒྲ་དེ་བས་གྲགས་པ་ཤེས་རྟོགས་བྱུང་སྟེ།འཕྲལ་མར་ཉེན་བརྡ་བཏང་ནས་མང་ཚོགས་མགྱོགས་མྱུར་ངང་གནས་སྤོ་བྱེད་དུ་བཅུག་པ་རེད། ཚང་མས་སྐད་གསང་མཐོན་པོས་འདམ་རྡོའི་ཆུ་རུད་སླེབས་བྱུང་།མགྱོགས་པོ།མགྱོགས་པོ།མགྱོགས་པོར་སྤོས་ཞེས་སྐད་བརྒྱབ།
ཆུ་ཚོད་22ཡས་མས་སུ་གདོང་དཀར་གྲོང་ཚོར་ལོ་50ཡི་རིང་འཕྲད་མ་མྱོང་བའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཧ་ཅང་ཆེན་པོ་ཐོན་ནས་འགྲོ་ལམ་གཏོར་བརླག་ཏུ་སོང་བ་དང་།དཔལ་འབྱོར་མཉམ་ལས་ཁང་གཏོར་བརླག་ཏུ་སོང་བ།ཁང་པར་གཏོར་སྐྱོན་ཕོག་པ།མང་ཚོགས་ཀྱི་ཞིང་ལས་འཕྲུལ་ཆས་ཆུས་འཁྱེར་བ་སོགས་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་དུས་བབ་ཛ་དྲག་པོར་གྱུར་ཡོད་པ་རེད།
ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་མདུན་མར་སྙེ་མོ་ཤང་གི་གོང་འོག་ཚང་མ་སེམས་པ་གཅིག་ཏུ་བསྒྲིལ་ནས་ཧང་སངས་དགོས་པའི་ཚེ་སྲོག་སྲུང་སྐྱོང་གི་དམག་འཐབ་ཅིག་བྱས་པ་རེད།དྲག་ཆར་དང་ཆུ་ལོག་གི་མདུན་དུ་གཞི་རིམ་ལས་བྱེད་པས་མགྲིན་པ་འགག་འགག་བར་དུ་སྐད་བརྒྱབ་པ་དང་།ལག་མཐིལ་རྡོལ་རྡོལ་བར་དུ་སྦར་མྱུར་བརྒྱབ་པ།གྱོན་པ་ཆུ་ཡིས་སྦངས་པ་རེད།འདམ་རྡོའི་ཆུ་རུད་ཀྱིས་འཁྱེར་བའི་ཉེན་ཁར་མ་འཛེམ་པར་ཡང་སྐོར་བསྐྱར་སྐོར་དུ་ཡུལ་མི་ལུས་ཡོད་མེད་ཐད་ཞིབ་བཤེར་བྱས།ཁོང་ཚོས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་སྒོ་ནས་ཡུལ་མི་གནས་སྤོ་དང་ཉེན་གཡོལ་སྒྲིག་འཛུགས་བྱས་ཏེ།གྲོང་ཚོ་རེ་རེ་དང་དུད་ཚང་རེ་རེ་བཞིན་དུ་མི་གཅིག་ཀྱང་མི་ལུས་པར་ཉེན་གཡོལ་བྱས་ཡོད།
ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་།སྙེ་མོ་ཤང་གི་ཆུ་འགྲམ་རྒྱུད་ཀྱི་གནས་སྡོད་མང་ཚོགས་ཁྱོན་དུད་ཚང་33དང་མི་284བདེ་འཇགས་ངང་གནས་སྤོས་པ་རེད།སྐར་མ་ཁ་ཤས་རིང་།སྙེ་མོ་ཤང་དུ་འདམ་རྡོའི་ཆུ་རུད་བྱུང་ནས་འགྲོ་ལམ་ཆད་པ་དང་།ཁང་པར་གཏོར་སྐྱོན་ཕོག་པ།ཞིང་ཁར་གཏོར་སྐྱོན་ཕོག་རུང་།ཤི་རྨས་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།
ལས་བྱེད་པ་དང་མང་ཚོགས་སེམས་པ་གཅིག་མཐུན་གྱིས་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པ།
ཆུ་ལོག་ནི་བཀའ་རྒྱ་དང་འབྲུབ་འགོག་ནི་འགན་འཁྲི་ཡིན།གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་མདུན་དུ་སྙེ་མོ་ཤང་དུ་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད།ཉེན་སེལ་གྱི་ལས་འགན་ནི་ལྕི་ཞིང་།རྗེས་མཐུད་ཀྱི་ཉེན་ཁ་ནི་དེ་བས་ཆེ།འདམ་རྡོའི་ཆུ་རུད་ཡང་སྐོར་བསྐྱར་སྐོར་དུ་ཐོན་སྲིད་པས།ངེས་པར་དུ་དུས་ཚོད་ལ་དམ་འཛིན་བྱེད་དགོས།ཞོར་ཐོན་གནོད་འཚེ་མི་ཐོན་པར་འགན་ལེན་བྱ་ཆེད།གདོང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་ཁ་ཤས་འཕྲལ་མར་སྟོང་པར་བཟོས་ནས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་བྱས་ཏེ།གནོད་འཚེ་ཕོག་པའི་མང་ཚོགས་ལ་ཆུ་མཁོ་འདོན་དང་།གློག་མཁོ་འདོན།ཞག་སྡོད།ཟ་མ་སོགས་གཞི་རྩའི་འཚོ་བའི་འགན་ལེན་ཡག་པོ་བྱས་པ་རེད།ཉིན་གཉིས་པའི་ཞོགས་པ་ནམ་ལངས་ནས་བདེ་འཇགས་ལ་འགན་ལེན་བྱས་རྗེས།གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རེས་མོས་ཀྱིས་འགྲོ་ལམ་གཙང་སེལ་གྱི་ལས་དོན་སྤེལ་བ་རེད།
སྙེ་མོ་ཤང་གིས་རྫོང་འཕྲལ་སྡོམ་དང་འགྲིམ་འགྲུལ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་རོགས་སྐྱོབ་སྟོབས་ཤུགས་460ལྷག་ཙམ་བསྡུ་རུབ་བྱས་པ་དང་།འཕྲུལ་ཆས་16མངགས་གཏོང་བྱས་ཏེ་འདམ་རྡོའི་ཆུ་རུད་ཀྱི་ཤུགས་རྐྱེན་ཕོག་པའི་འགྲོ་ལམ་དང་།གློག ཆུ།འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་འགན་ལེན་བྱས་པ་རེད།དེ་དང་ཆབས་ཅིག་འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེ་སླར་ཡང་མི་ཕོག་ཆེད།སྙེ་མོ་རྫོང་གི་ལས་བྱེད་པས་ཞིང་ཁའི་འགྲམ་དུ་འགོག་སྲུང་འཛིང་རགས་བཟོས་པ་རེད།
གདོང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བློ་བཟང་བཀྲ་ཤིས་འདི་ལོར་ལོ་24ལ་སླེབས་པ་དང་།ཉིན་མོ་ལས་རོགས་ཚོ་དང་མཉམ་དུ་ཆུ་རགས་གཙང་སེལ་དང་།སྐོར་ཞིབ།ཆུ་རགས་བཟོ་བ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དང་།དགོང་མོ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་དེ་ཁྲིད་སྟོན་དང་མཐུན་སྦྱོར་གྱི་ལས་དོན་སྤེལ་ནས་འདམ་རྡོའི་ཆུ་རུད་ཁྲོད་དུ་འགྲོ་སྐྱོད་བྱེད་ཀྱི་ཡོད།ཟླ7པའི་ཚེས24ཉིན་གྱི་དགོང་མོ་ནས་ཟླ7པའི་ཚེས26ཉིན་བར།རྒྱུན་མཐུད་དམག་འཐབ་ཀྱི་ལས་ལ་གཞོལ་ནས་ཉིན་མཚན་གཉིས་རིང་གཉིད་མེད་པ་དང་།རྐང་ལག་ཆུར་སྦངས་ནས་དཀར་པོར་གྱུར་ནའང་ལས་ཀ་བྱེད་མཚམས་བཞག་མེད་པ་རེད།
དེ་ཡང་བློ་བཟང་བཀྲ་ཤིས་ཀྱིས་ལས་ཀ་བྱས་ཚུན།གཞི་རིམ་དུ་ལས་ཀ་བྱེད་ཐེངས་དང་པོ་དེ་ཡིན་ཞིང་། ཅི་བྱ་གཏོལ་མེད་དུ་གྱུར་བའི་མང་ཚོགས་ཀྱི་མདུན་དུ་བློ་བཟང་བཀྲ་ཤིས་ཀྱིས་ངང་རྒྱུད་རིང་པོའི་སྒོ་ནས་ཚང་མར་སེམས་གསོ་གཏོང་བཞིན་ཡོད། རང་བྱུང་གནོད་འཚེའི་མདུན་དུ་ག་བྱེད་འདི་བྱེད་མེད་པར་གྱུར་ཡང་ཏང་དང་སྲིད་གཞུང་གིས་ཚང་མ་དཀའ་ངལ་ལས་སྒྲོལ་རོགས་བྱེད་ངེས་ཡིན་པས་ཁྱེད་ཚོས་ཡིད་ཆེས་གནང་རོགས་ཞེས་བློ་བཟང་བཀྲ་ཤིས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འབྲས་དང་། ཐུག་པ། སྣུམ། རྩམ་པ། ཉི་གློག་སོགས་དངོས་ཟོག་སྤྲོད་སྐབས་མདུན་གྱི་སྐད་ཆ་འདི་ཡང་ནས་བསྐྱར་དུ་བཤད་པ་དང་། གནོད་འཚེ་ཐོན་པའི་ཉིན་དེ་གཉིས་ནང་ཁོང་ཆ་སྙོམས་གཉིད་ཉལ་ཚད་ཆུ་ཚོད་3ཡང་ཟིན་གྱི་མེད་པ་དང་།ཡུན་རིང་པོར་ཆུ་ལྷམ་གྱོན་པའི་དབང་གིས་རྐང་པར་ཆུ་ལྦུར་ཐོན་ཡོད་མོད། འོན་ཀྱང་མང་ཚོགས་ཀྱི་བཀའ་དྲིན་ཆེ་ཞེས་པའི་སྐད་ཆ་དེ་ཐོས་སྐབས་དཀའ་ལས་ཚང་མ་གླེང་རིན་མེད་པར་གྲུབ་འབྲས་ཐོབ་པའི་ཚོར་སྣང་བྱུང་ཞེས་ཁོང་གིས་བཤད་པ་རེད།
བློ་བཟང་བཀྲ་ཤིས་གཅིག་པུ་མིན་པར་ད་ཐེངས་ཀྱི་རང་བྱུང་གནོད་འཚེ་ཐོན་སྐབས་ཁྱོན་ཏང་ཡོན་དུད་ཚང་24དང་མི་གྲངས་32ཡོད་པ་དང་། ཁོང་ཚོས་དཀའ་ངལ་གྱི་མདུན་དུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ཨུ་ལྷན་གཉིས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社