ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ།ཐུའུ་ཆུང་།
ཆུ་ལོག་རྒྱུག་པའི་དུས་འདི་འདས་ཟིན་པ་དང་།ཟླ་ཕྱེད་ལྷག་ཙམ་གོང་གི་དགོང་མོ་ཞིག་ལ་འདམ་རྡོའི་ཆུ་རུད་བྱུང་བའི་གནས་ཚུལ་དེ་ཕྱིར་དྲན་བྱེད་སྐབས།སྙེ་མོ་རྫོང་སྙེ་མོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྭ་སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་མེད་པ་དང་།བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
སྐབས་དེ་དུས་ཟླ་བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད་ཀྱི་འགག་རྩའི་དུས་སྐབས་དང་ཏག་ཏག་འཁེལ་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་གནས་བབ་ཅུང་ཛ་དྲག་པོ་ཡོད་པ་རེད།ཆར་ཆུ་འབབ་ཚད་དང་ལྷ་སའི་ཆུ་རིག་ས་ཚིགས་ཀྱི་བཞུར་ཚད་ཆེས་ཆེར་འཕར་ནས་རྫོང(ཆུས)ཁག་ལ་ཚད་མི་འདྲ་བའི་ཆུ་ལོག་གི་གནོད་འཚེ་ཐོན་ཡོད།ཟླ་7ཚེས་24ཉིན་ནས་བཟུང་། སྙེ་མོ་ཤང་ལ་དྲག་ཆར་ཐེངས་མང་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེངས་མང་ཕོག་ནས་འགྲོ་ལམ་འགག་པ་དང་།ཁང་པར་གཏོར་སྐྱོན་ཕོག་པ།ཞིང་ཁར་གཏོར་སྐྱོན་ཕོག་པ་བཅས་ཀྱིས་འབྲུབ་འགོག་གེགས་སེལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ནས་སྙེ་མོ་ཤང་གདོང་དཀར་གྲོང་ཚོར་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད།
གནོད་འཚེ་བྱུང་རྗེས།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྙེ་མོ་ཤང་གདོང་དཀར་གྲོང་ཚོར་བསྐྱོད་དེ་ཆུ་ཚོད་24རིང་གི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་པ།ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་གཏིང་ཟབ་བྱས་པ།འགྲོ་ལམ་གཙང་སེལ་དང་།ཆུ་ལམ་གཤོང་བ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社