ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ།སྐལ་བཟང་སྒྲོལ་དཀར།
གླེང་གཞི།
འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་ཡིན་ཞིང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་གཞིགས་ནས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་རེད། ལོ་ངོ་30ཡི་རིང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་རེ་རེས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་བོད་སྐྱོར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་སུ་རྔུལ་ཆུ་བཏོན་པ་དང་བློ་གྲོས་ལ་བརྟེན་ནས་མི་སེམས་འགུལ་བའི་ལེའུ་རེ་རེ་བརྩམས་པ་དང། ས་མཐོའི་ས་གཞི་འདིའི་འཕེལ་རྒྱས་དང་འཕོ་འགྱུར་ལ་དཔང་པོ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
དེ་རིང་ནས་བཟུང་།འདི་ག་ཚགས་པར་ཁང་གིས་ལོ་ངོ་30ཡི་རིང་བོད་སྐྱོར་གྱི་བརྩེ་བ་ས་མཐོར་བཅངས་ཞེས་པའི་ལེ་ཚན་བཏོན་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་གལ་ཆེའི་དོན་སྙིང་དང་ཐོབ་པའི་གྲུབ་འབྲས་ཆེན་པོ་གང་ལེགས་མཚོན་པར་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུའོ།
1994ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐབས་ཇུས་དེ་འོད་འཚེར་བའི་སྒྲོན་མེ་ཞིག་དང་འདྲ་བར་བོད་སྐྱོར་ལས་དོན་གྱི་མདུན་སྐྱོད་ལམ་བུ་གསལ་བར་བྱས་པ་དང་། ལོ་ངོ་30ཡི་རིང་། ཁ་གཏད་བོད་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཏང་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་དང་། ཁུལ་དབྱེ་འགན་འཁུར། དུས་བཀག་གི་བརྗེ་རེས་བཅས་ཀྱི་ཐབས་ཇུས་གལ་ཆེན་གྱི་མཛུབ་ཁྲིད་འོག་པེ་ཅིང་གྲོང་ཁྱེར་གྱིས་དང་ལེན་ཧུར་ཐག་ཞུས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས།ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ཡོད།
2015ལོར། པེ་ཅིང་གྲོང་ཁྱེར་གྱི་སྨན་བཅོས་བོད་སྐྱོར་དཔུང་ཁག་ལྷ་སར་བསྐྱོད་པའི་ལམ་དུ་ཆས་ཏེ་སྒྲིག་གཞི་གྲུབ་པའི་རྣམ་པའི་ཐོག་ནས་བོད་སྐྱོར་སྨན་པ་སྔོན་ལ་བདམས་མངགས་བྱས་ནས་དགེ་མཚན་ཆེ་ཤོས་ས་ཁུལ་གྱི་འགན་འཁྲི་དང་བྱས་རྗེས་མངོན་ཡོད། ལོ་ངོ་9ཡི་རིང་། པེ་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་ཁང་22ཀྱིས་ཁྱོན་ཐེངས་9དང་མི་ཐེངས་169ཟིན་པའི་དོ་དམ་དང་ནད་ཐོག་སྨན་བཅོས་མཁས་དབང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རོགས་སྐྱོར་ལས་དོན་སྤེལ་བར་བཏང་བ་རེད། ཁོང་ཚོས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་། དོ་དམ་གྱི་ཉམས་མྱོང་། མཛའ་བརྩེ་ཟབ་མོ་བཅངས་བ་བཅས་ལ་བརྟེན་ནས་ས་མཐོའི་ས་ཆ་འདིའི་ཐོག་བསྐྱོད་དེ་སྤྱིར་བཏང་མིན་པའི་རྒྱང་སྐྱོད་ཀྱི་ལམ་བུ་བཏོད་ཡོད།
པེ་ཅིང་གི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མགྱོགས་མྱུར་དང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4.6ལྷག་ཙམ་བཏང་ནས་སྨན་ཁང་གི་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་གཏོང་བ་དང་རིག་ཚན་འཛུགས་སྐྱོང་བྱ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། ཉལ་ཁྲི་240ནས་550བར་མང་དུ་བཏང་ནས་ལྡབ་1.3འཕར་བས་ནད་པ་སྨན་ཁང་དུ་སྡོད་དཀའ་བའི་གནད་དོན་ཆེས་ཆེར་ཞི་ལྷོད་དུ་ཕྱིན་ཡོད་པ་རེད། ལོ་རེའི་སྒོ་བསྟེན་འཕྲལ་བཅོས་བྱེད་ཚད་ལྡབ་1.6འཕར་བ་དང་གཤགས་བཅོས་བྱེད་ཚད་ལྡབ་1ལྷག་ཙམ་འཕར་ཡོད། གྲངས་ཀ་དེ་དག་གི་རྒྱབ་ཏུ་ནད་པ་གྲངས་མེད་ལ་སླར་ཡང་བདེ་ཐང་ཡོང་བའི་རེ་བ་བྱུང་བ་ཡོད་པ་རེད།
རིག་ཚན་འཛུཊ་སྐྱོང་ཐད་འཕྲལ་བཅོས་ཚན་ཁག་དང་ནད་གཞི་ཚབས་ཆེན་གྱི་གསོ་རིག་ཚན་ཁག(ICU)སོགས་རིག་ཚན་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社