分享按钮

གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་2024ལོའི་ཤེས་ལྡན་པར་བརྟེན་ནས་སློབ་གསོ་སྟོབས་ཆེར་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་20ཉིན། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་2024ལོའི་ཤེས་ལྡན་པར་བརྟེན་ནས་སློབ་གསོ་སྟོབས་ཆེར་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

པེ་ཅིང་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཀྲུའུ་ཅོན་དང་།ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་གོ་ཕེ། ཞུས་ཀྲོའུ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་སུན་ཝུའེ་ཧྥང་བཅས་གདན་ཞུས་ལྟར་བྱེད་སྒོའི་ནང་ཞུགས་པ་རེད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལུའུ་ཧྲེང་ཧྭ་དང་།གྲོང་ཁྱེར་དགེ་འོས་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཡུས་ཧྥེང་ཕིང་བཅས་བྱེད་སྒོར་ཞུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་མི་སྣས་པེ་ཅིང་དང་ཅང་སུའུ་ཡི་ཤེས་ལྡན་པའི་བོད་སྐྱོར་གྲུབ་འབྲས་འགྲེམས་སྟོན་ལ་ཐུན་མོང་ཐོག་གཟིགས་པ་དང་།ཏུང་ཀྲུའུ་ཅོན་དང་ཝང་གོ་ཕེ་གཉིས་ཀྱིས་པེ་ཅིང་དང་ཅང་སུའུ་ས་གནས་གཉིས་ཀྱི་སློབ་གསོའི་སྡེ་ཚན་གྱི་ཚབ་ཞུས་ནས་བྱེད་སྒོར་ཤིས་ཚིག་གསུངས་པ་དང་།བྱེད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་2024ལོའི་ཤེས་ལྡན་པར་བརྟེན་ནས་སློབ་གསོ་སྟོབས་ཆེར་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་རེད།

ཝང་མིང་ཀྲེས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་པེ་ཅིང་དང་ཅང་སུའུ་ཡི་སློབ་གསོའི་རིགས་གཅིག་མཁས་ཅན་ལ་དགའ་བསུ་ཞུས་པ་དང་འབྲེལ།པེ་ཅིང་དང་ཅང་སུའུ་ས་གནས་གཉིས་ཀྱིས་དུས་ཡུན་རིང་པོའི་ནང་ལྷ་སའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།ཁོང་གིས་2014ལོར་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་།པེ་ཅིང་དང་ཅང་སུའུ་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སློབ་གསོའི་བོད་སྐྱོར་ལས་དོན་ལ་གཏིང་ཟབ་དང་རྒྱུན་སྲིང་ངང་སྐུལ་འདེད་བཏང་སྟེ།ལྷ་སའི་སློབ་གསོའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-26 6 6 拉萨日报藏文 c186737.html 1 གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་2024ལོའི་ཤེས་ལྡན་པར་བརྟེན་ནས་སློབ་གསོ་སྟོབས་ཆེར་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->