རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་དགུ་པ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་ཉེ་དུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྟ་སྐུལ་སྒྲུབ་སྐུལ་ཚོགས་ཆུང་དང་། དྲིལ་བསྒྲགས་སྙན་ཞུའི་ཚོགས་ཆུང་། བྱ་སྤྱོད་ཆེན་མོ་བརྒྱད་ཀྱི་ཆེད་དོན་ཚོགས་ཆུང་བཅས་ཀྱི་ལས་དོན་སྤེལ་ཚུལ་དང་། དཀའ་གནད་དང་འགག་གནད། ཕྱིས་འབྱུང་གི་འཆར་གཞི། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལས་དོན་སྙན་ཞུའི་སྐོར་གྱི་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་སྙན་ཞུ་བཅས་ལ་གསན་པ་དང་། གློག་སྒུལ་འཁོར་རིགས་ཀྱི་ཚུལ་མིན་གྱི་བྱེད་སྤྱོད་གནད་དོན་བཅོས་སྒྲིག་དང་གྲོང་ཁྱེར་སྔོ་འགྱུར་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་བཀོད་གཏོང་དང་དབྱེ་ཞིབ་བྱས་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社