ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།པེ་ཅིང་གྲོང་ཁྱེར་གྱི་སློབ་གསོའི་རིགས་གཅིག་མཁས་ཅན་ཚོགས་པ་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ལས་དོན་པ།བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་དང་ཞིབ་འཇུག་པ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཞིབ་འཇུག་བྱ་གཞི་གལ་ཆེན་དེའི་ཐད་སྤེལ་རེས་བྱས་ཏེ།པེ་ཅིང་དང་བོད་ལྗོངས་གཉིས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ལས་དོན་ལ་འབྲེལ་གཏུགས་ཀྱི་ཟམ་པ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་དང་སློབ་གྲྭ་ཆེ་འབྲིང་ཆུང་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྱོང་གི་ལས་དོན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སྔ་རྗེས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་སྤེལ་ཚུལ་རྒྱས་བཤད་བྱས་པ་དང་།ཚང་མས་སློབ་གསོའི་ཁྱབ་ཁོངས་དང་ཚན་ཞིབ་གྲུབ་འབྲས་སོགས་རང་ངོས་ཀྱི་ཁྱབ་ཁོངས་ལ་གཞི་ཚུགས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་འབྲེལ་ཡོད་བྱ་ཐབས་ནུས་ལྡན་དང་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད། པེ་ཅིང་སློབ་གསོ་གསར་འགྱུར་དྲིལ་བསྒྲགས་སློབ་ཚོགས་ཀྱི་ལས་འཛིན་འགོ་འཛིན་གཞོན་པ་ཀྲའོ་གོ་ཝུའེ་ཡིས། ད་ཐེངས་པེ་ཅིང་གི་རིགས་གཅིག་མཁས་ཅན་ཚོགས་པ་ལྷ་སར་ཡོང་བ་ནི་ཕྱོགས་གཅིག་ནས་བོད་ལྗོངས་དང་ལྷ་སའི་ས་ཁུལ་ལ་ཕྱོགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇི་ལྟར་ཟབ་ཏུ་གཏོང་བའི་ཐད་ཀྱི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱེད་པ་དང་།ཕྱོགས་གཞན་ཞིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་ཀྱི་པེ་ཅིང་གི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་མཉམ་ཤུགས་ཤིག་ཆགས་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བཤད།
སྤེལ་རེས་བྱེད་སྐབས་སུ་ས་གནས་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གཏམ་བཤད་ཧུར་ཐག་སྤེལ་ནས་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ཤིང་། ཚང་མས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་དབར་འབྲེལ་བ་ཟབ་མོ་ཡོད་པ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ནང་ཚུད་ཅིང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་ཚུད་ཡོད་པ་ངོས་འཛིན་བྱས་ཡོད།
པེ་ཅིང་སློབ་འབྲིང་མཐོ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་མ་ལི་པིན་ཙིས། བཞུགས་མོལ་ཚོགས་འདུའི་ཐོག་ང་ལ་ཤེས་བྱ་མང་པོ་ཞིག་ཤེས་བྱུང་།དཔེར་ན། གནད་དོན་ཤེས་རྟོགས་ཇི་ལྟར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ཇི་ལྟར་བྱེད་པ། ཐུན་མོང་གི་ངོས་འཛིན་ཇི་ལྟར་ཆགས་པར་བྱེད་པ་བཅས་ཀྱི་ཐད་ང་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社