分享按钮

ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར།

(2024ལོའི་ཟླ་8ཚེས་1ཉིན)

ཁྲོམ་རར་ཞུགས་འཐུས་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་ཀྱི་གྲས་ཤིག་ཡིན་ལ། ཁྲོམ་རའི་ནུས་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་ཟུང་འབྲེལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཀྱང་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་མེད་པར་བཟོ་བ། སྒོ་དབྱེ་ཁ་གསལ་དང་། ཚད་ལྡན་དང་གོ་རིམ་ལྡན་པ། འདྲ་མཉམ་འགྲན་རྩོད། དབང་ཆ་དང་འགན་འཁྲི་ཁ་གསལ། ལྟ་འདོམས་ནུས་ལྡན་བཅས་ཀྱི་ཁྲོམ་རར་ཞུགས་འཐུས་ལམ་ལུགས་མ་ལག་འཛུགས་པ་བཅས་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད། ད་ལྟ་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་སྟེ།

གཅིག ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ནང་གཏན་འབེབས་བྱས་པའི་ཁྲོམ་རར་ཞུགས་འཐུས་དོ་དམ་བྱ་ཐབས་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་གི་སྒྲིག་སྲོལ་ནང་ཁྲིམས་ལྟར་གཏན་འབེབས་བྱས་པའི་གནས་སྐབས་རང་བཞིན་གྱི་ཁྲོམ་རར་ཞུགས་འཐུས་དོ་དམ་བྱ་ཐབས་ཚང་མ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ནང་བཅུག་ཡོད། བླང་བྱ་ལྟར་སྒྲིག་བཟོ་བྱས་པའི་རྒྱལ་ཡོངས་རིམ་པའི་ཞུགས་འཐུས་རིགས་ཀྱི་གསལ་ཐོའི་དཀར་ཆག་དང་ཐོན་ལས་ཀྱི་སྲིད་ཇུས་དང་། མ་འཇོག་གི་སྲིད་ཇུས། ཁོར་ཡུག་གི་སྲིད་ཇུས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སོགས་ཁྲོམ་རར་ཞུགས་འཐུས་དང་འབྲེལ་བ་ཡོད་རིགས་ཚང་མ་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་དོ་དམ་ནང་འཇུག་པ་དང་། གཉེར་སྐྱོང་བྱེད་པོ་ཁག་ཁྲིམས་ལྟར་འདྲ་མཉམ་ངང་གསལ་ཐོའི་ནང་ཚུད་མེད་པའི་ཁྱབ་ཁོངས་སུ་ཞུགས་ཆོག གསལ་ཐོའི་ནང་ཚུད་མེད་པའི་ཁྱབ་ཁོངས་སུ་སྒྲིག་འགལ་ངང་ཞུགས་འཐུས་དང་ཆོག་འཐུས་བཟོ་བ་དང་། སྒྲིག་འགལ་ངང་ཞུགས་འཐུས་ཆ་རྐྱེན་མང་དུ་གཏོང་བ། རང་དགར་ཁྲོམ་རར་ཞུགས་འཐུས་ཀྱི་ངོ་བོ་གཏན་འཁེལ་བྱེད་པ་བཅས་ཀྱི་བཀག་རྒྱའི་གསལ་ཐོའམ་ཡང་ན་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་དང་། དམིགས་འཛུགས་གཉེར་སྐྱོང་། ཞིབ་དཔྱད་དང་ཁས་ལེན་དཔང་འདོན་སོགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་སྒྲིག་འགལ་ངང་ཞུགས་འཐུས་ལ་འགོག་རྐྱེན་བཟོ་རིགས་བཅས་གཏན་འགོག་བྱེད་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྟབས་བསྟུན་ལེགས་སྒྲིག་བྱེད་པ་དང་རྩིས་ཐོའི་ནང་དོན་དང་གཙོ་གཉེར་དོ་དམ་སྡེ་ཚན་སོགས་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱེད་དགོས།

གཉིས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲོམ་རར་ཞུགས་འཐུས་ཀྱི་སྒྲིག་སྲོལ་གཏན་འཁེལ་བྱེད་དགོས། འཛུལ་བདེ་བ་དང་དོ་དམ་ནན་པོ་བྱེད་པའི་བྱ་ཐབས་ལག་བསྟར་བྱེད་པ་དང་། འགྲན་རྩོད་གང་ལེགས་བྱེད་པའི་ཁྱབ་ཁོངས་ཀྱི་ཞུགས་འཐུས་ལྷུག་ཏུ་བཏང་ནས་གཉེར་སྐྱོང་བྱེད་པོའི་ཞུགས་འཐུས་ཚད་བཀག་ཉུང་དུ་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པ་དང་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་དང་། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གསར་སྤེལ། སྤྱི་པའི་ཁེ་ཕན་གལ་ཆེན་བཅས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སུ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀར་ལྟ་རྟོག་བྱས་ཏེ་ཁྲིམས་ལྟར་ཞུགས་འཐུས་དོ་དམ་ལག་བསྟར་བྱེད་དགོས། རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལས་སྒོ་གཉེར་སྐྱོང་བྱེད་མཁན་ཁེ་ལས་ལ་སྒེར་སྡེམ་རང་བཞིན་གྱི་ལས་སྒོ་དང་འགྲན་རྩོད་རང་བཞིན་གྱི་ལས་སྒོ་སྤེལ་བའི་ཁྱབ་ཁོངས་ནང་ལྟ་འདོམས་བྱས་ཏེ། འབྲེལ་ཡོད་ཁེ་ལས་ཀྱིས་སྒེར་སྡེམ་གྱི་དགེ་མཚན་སྤྱད་དེ་ཐོན་ལས་འཁོར་འབྲེལ་གྱི་འགྲན་རྩོད་ནང་སྣུར་སྲིང་བྱེད་པའམ་ཡང་ན་ཐོན་ལས་འཁོར་འབྲེལ་གྱི་འགྲན་རྩོད་ལྷུ་ཚིགས་མེད་པར་བཟོ་བ་དང་ཚོད་འཛིན་བྱེད་པའི་ཁྲོམ་རའི་འགྲན་རྩོད་གཏན་འགོག་བྱེད་དགོས། དངུལ་རྩའི་ལས་རིགས་ཀྱི་ཞུགས་འཐུས་ལྟ་འདོམས་ལ་ཤུཊ་སྣོན་རྒྱག་དགོས། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཁྲོམ་རར་ཞུགས་འཐུས་མ་ལག་མ་འོངས་སྔོན་མཐོང་རང་བཞིན་གྱི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

གསུམ། ཁྲོམ་རར་ཞུགས་མི་ཆོག་པ་དང་ཆོག་འཐུས་ཞུགས་འཐུས་ཀྱི་དོན་ཚན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། ཁྲོམ་རར་ཞུགས་འཐུས་དོ་དམ་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་དགོས་པ་ཡོད་ཚེ་ཁྲིམས་ལྟར་ཁྲོམ་རར་ཞུགས་མི་ཆོག་པའི་བྱ་ཐབས་གཏན་འཁེལ་བྱེད་ཆོག་པའམ་ཡང་ན་སྲིད་འཛིན་ཞིབ་མཆན་འགོད་པ་དང་གཉེར་སྐྱོང་བྱེད་པོའི་ཐོབ་ཐང་དང་། རྐང་དབང་གི་བསྡུར་ཚད། གཉེར་སྐྱོང་ཁྱབ་ཁོངས། གཉེར་སྐྱོང་ལས་རྣམ། ཚོང་ལས་བྱེད་སྟངས་ཚོད་འཛིན་བྱེད་པ་སོགས་ཀྱི་ཆོག་འཐུས་ཞུགས་འཐུས་དོ་དམ་བྱ་ཐབས་ལག་བསྟར་བྱེད་དགོས། ཁྲོམ་རར་ཞུགས་མི་ཆོག་པའི་དོན་ཚན་ལ་སྲིད་གཞུང་གིས་ཁྲིམས་ལྟར་ཞིབ་མཆན་དང་ཞིབ་དཔྱད་ཆོག་མཆན་མི་སྤྲོད་པ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 (2024ལོའི་ཟླ་8ཚེས་1ཉིན) 6 6 拉萨日报藏文 c186732.html 1 ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར། /enpproperty-->