(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཤའོ་ཡིའུ་ཚའེ་ཡིས《ལག་བསྟར་ཇུས་གཞི(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཚུན་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ། གདོང་དམག་བདུན་ཡག་པོ་བྱེད་པ་བཅས་ཀྱི་འབད་འཐབ་ཀྱི་དམིགས་ཚད་ལ་དམིགས་པ། རྩ་དོན་ལྔ་མཐའ་འཁྱོངས། འཐབ་ཇུས་ཆེན་པོ་བཞི་ལག་བསྟར། ལས་དོན་ཁག་བཅུ་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ནུས་པའི་ཁུལ་གསུམ་ཆེ་རུ་གཏོང་བ། ལས་རིགས་ལྔའི་འཕེལ་རྒྱས་ཁུལ་ལེགས་སུ་གཏོང་བ། ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་གོ་སྐབས་ཧ་ཅང་གལ་ཆེ་བ་དང་། བརྗོད་དོན་ཧ་ཅང་ཁ་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། གྲུབ་འབྲས་ཧ་ཅང་གཡུར་དུ་ཟ་བ་བཅས་ཡིན་པས་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》དེས“ཅི་ཞིག་ལ་སྒྱུར་བཅོས་གཏོང་དགོས་པ་དང་། སྒྱུར་བཅོས་ཇི་ལྟར་གཏོང་དགོས་པ། སུའི་ཆེད་དུ་སྒྱུར་བཅོས་གཏོང་དགོས་པ”སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བརྒྱབ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུན་སུམ་ཚོགས་ཤོས་དང་། གསོན་ཉམས་ལྡན་ཤོས། གསར་གཏོད་མང་ཤོས་བཅས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་པ་དང་། དེ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་རྩ་འཛིན་དང་སྤྱིའི་བརྩི་སྲུང་ཞུ་ཡུལ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱ་རྒྱུར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལག་ལེན་ལ་སྔར་བས་ཞིབ་འཇུག་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ལག་བསྟར་བསམ་འཆར》དེས་མདུན་སྐྱོད་བྱེད་པར་དུང་བརྡ་བཏང་ཞིང་། དེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྒྱུར་བཅོས་ཀྱི་བློ་སྟོབས་ཆེན་པོས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་ཤུགས་དྲག་པོ་གང་ལེགས་མཚོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུངས་གནང་དོན། དུས་གཏན་ལྔ་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་དགོས། དེའང་། དཔེ་སྟོན་སྣེ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་སྟེ། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྣེ་ཁྲིད་ནས་ཐོས་བསམ་མྱོང་རྟོགས་དང་། དྲིལ་བསྒྲཊ་སྒྲོག་འགྲེལ། གསར་གཏོད་འཚོལ་ཞིབ་བཅས་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་སྟེ། ཏང་ཨུད་ཀྱིས་སྣེ་ཁྲིད་ནས་སློབ་ཁྲིད་བྱེད་པ་དང་། རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ། ཏང་གི་སློབ་གྲྭས་སློབ་གཉེར་བྱེད་པ། ཀྲི་པུའུ་ཡིས་སྣེ་ཁྲིད་ནས་སློབ་ཁྲིད་བྱེད་པ། མང་ཚོགས་སློབ་གྲྭར་སྐྱེལ་བ་བཅས་ལ་བརྟེན་ནས་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་དང་། ལས་ཀ་དོན་དངོས་དང་མཐུན་པར་བྱེད་དགོས། དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་སྟེ། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པའི་དམིགས་ཚད་ལ་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན“གནས་བདུན་དུ་སྤེལ་བའི”བྱེད་སྒོ་མུ་མཐུད་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་རྗེས་སུ་འབྲང་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོད་སེམས་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་སྟེ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་ཞིག་དར་རྒྱས་ཤུགས་ཆེན་བཏང་སྟེ། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་སྟེ། དོན་འཁྱོལ་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་བཏང་ནས་ལས་ཀ་གསར་གཏོད་བྱས་ཏེ་སྒྱུར་བཅོས་ལག་བསྟར་བྱེད་པའི་མཐའ་མའི་འགག་གནད་ཤར་གཏོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུངས་གནང་དོན། རྩ་དོན་ལྔ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་འཛུགས་པར་ཤུགས་རྒྱག་དགོས། དེའང་། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། འབྱུང་ཁུངས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་མགྱོགས་སུ་བཏང་ནས། སྒྱུར་བཅོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། བསམ་བློའི་སློབ་གསོ་ཕུགས་ཕན་ཅན་དང་། རིག་གནས་ཞབས་ཞུ་རྒྱུན་རྣམ་ཅན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐོན་ལས་ཅན་བཅས་ལ་སྐུལ་འདེད་ཤུཊ་ཆེན་བཏང་ནས་ལྷ་ས་འཛུགས་སྐྲུན་བྱེད་དགོས། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཐོན་ལས་མ་ལག་དང་། མ་འཇོག་སྒྲིག་སྲོལ། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་རྒྱུ་ནོར། ཚོང་གཉེར་ཁོར་ཡུག དམངས་འཚོའི་བྱ་གཞག་བཅས་ཀྱི་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་སྟེ། སྒྱུར་བཅོས་ལ་བརྟེན་ནས་ལྷ་ས་འཛུགས་སྐྲུན་ལ་གསོན་ཤུགས་སྤྲོད་དགོས། ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། དམངས་གཙོའི་ཆབ་སྲིད་དང་། ཁྲིམས་འཛིན་མ་ལག་གཙོ་གནད་དུ་བཟུང་ནས་འཐུས་ཚང་དུ་གཏོང་དགོས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་བརྟན་ལྷིང་དང་བདེ་འཇགས་ཡོང་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་། གཞི་རིམ་ལ་བཅོས་སྐྱོང་ནུས་ལྡན་བྱེད་པ། མི་རིགས་ཆོས་ལུགས་ལས་དོན། འཕྲལ་སྡོམ་ཐག་གཅོད་དང་དོ་དམ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་བདེ་འཇགས་ཀྱི་ལྷ་ས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུངས་གནང་དོན། འབྲེལ་བ་ཆ་ལྔར་སྟངས་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ལེཊ་སུ་གཏོད་དགོས། དེའང་། “གོང”དང“འོག”གི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པར་མ་ཟད། མི་དམངས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལའང་བརྩི་འཇོག་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུཊ་སྣོན་རྒྱག་དགོས་པར་མ་ཟད། བརྟག་དཔྱད་བྱེད་ཞོར་ཏུ་ལས་དོན་ཡང་བསྒྲུབས་ཅིང་། གོང་འོག་མཉམ་འགུལ་ལ་འགན་ལེན་ཏན་ཏིག་བྱེད་དགོས། “གནས”དང“ངོས”ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། སྒྱུར་བཅོས་ཀྱི་གཙོ་གནད་དང་འགག་གནད་ལ་འཁེལ་བའི་སྒོ་ནས་འཚོལ་དགོས་པ་དང་། སྒྱུར་བཅོས་ཀྱི་སྤྱི་ཡོངས་དང་མ་ལག་ལའང་མཐོང་ཆེན་བྱས་ཏེ། གནས་དང་ངོས་ཟུང་འབྲེལ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། “བརྒལ་བ”དང“འཛུགས་པའི”འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། “བརྒལ”ཕོད་པར་མ་ཟད། “འཛུགས”ཀྱང་མཁས་པོ་བྱས་ཏེ། བརྒལ་བ་དང་འཛུགས་པ་མཉམ་དུ་ལག་བསྟར་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། “བརྟན་པོ”དང“མདུན་སྐྱོད”ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། གོམ་སྟབས་བརྟན་པོ་ཡོང་བ་དང་། ཧོལ་རྒྱུག་མི་བྱེད་པ། སྒྱུར་བཅོས་ཐད་ཡར་རྒྱས་ཡོང་བ། དཀའ་གནད་སེལ་བ་བཅས་བྱས་ནས་བརྟན་པོ་དང་མདུན་སྐྱོད་ཕན་ཚུན་སྐུལ་འདེད་གཏོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། “ཇུས་འགོད”དང“སྒྲུབ་པའི”འབྲེལ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། ཇུས་འགོད་སྔར་ལས་ཞིབ་ཅིང་ཕྲ་བར་བྱེད་པར་མ་ཟད། ལས་དོན་ཡང་ཏན་ཏིག་བསྒྲུབས་ནས་ཇུས་འགོད་དང་སྒྲུབ་པ་མཉམ་ལས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུངས་གནང་དོན། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་བྱེད་པར་དུས་ཚོད་ཐུང་ཞིང་ལས་འགན་ལྕི་པོ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་དུས་ཚིགས་གསུམ་པའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ལོ་སྨད་ལ་འབད་འཐབ་བྱས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཁག་ལེགས་འགྲུབ་ཡོང་བར་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཡིད་གཟབ་བྱེད་པ་དང་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ནུས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཡོང་བར་མཐའ་གཅིག་ཏུ་འགན་ལེན་ཏན་ཏིག་བྱེད་དགོས། དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། བྱ་ཐབས་སྔར་ལས་ནུས་ལྡན་སྤྱོད་པ། དཔལ་འབྱོར་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། དམིགས་ཚད་ལ་བརྒལ་བར་བྱེད་པ། དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་དཔྱད་ཞིབ་ལ་དམ་འཛིན་ཡག་པོ་བྱས་ཏེ། སུའི་དམིགས་ཚད་ཡིན་ན་སུས་འགན་ལེན་དང་སུའི་ལས་འགན་ཡིན་ན་སུས་དོན་འཁྱོལ་བྱེད་པའི་འགན་འཁྲི་མཐའ་འཁྱོངས་བྱེད་པ་དང་། རང་གིས་རང་ལ་དཔྱད་དཔོག་བྱེད་པ། ཆད་ལུས་ཞིབ་བཤེར། ཆད་ལུས་ཁ་གསབ་བྱེད་དགོས་ལ་གྲུབ་འབྲས་ཡག་པོ་ཐོབ་པར་བྱེད་དགོས། རྣམ་གྲངས་འཆར་འགོད་ལ་དམ་འཛིན་ཡག་པོ་བྱས་ཏེ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལེགས་གྲུབ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་རྣམ་གྲངས་སྔ་ཙམ་ནས་འཆར་འགོད་བྱེད་དགོས་པ་དང་། འགོ་ཡག་པོ་ཞིག་བཙུགས་ནས་གོམ་སྟབས་ཡག་པོ་ཞིག་སྤོས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག 《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། བློ་མཐུན་ལི་མིང་ཅན་གྱི་ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་གྱི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་ཐག་བཅད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། ཡིད་ཆེས་བརྟན་གཏོང་། འགག་སྒྲོལ་དཀའ་སེལ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社