ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ8ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ།《ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྔར་ལས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་འདུན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ངེས་གནས་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས་དོན་འཁྱོལ་མཐར་ཕྱིན་དང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྲུང་སྐྱོང་ཆེན་པོ་དང་སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བཏོད་དེ། ས་ཁོངས་སྤྱིའི་སྟོབས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་སྤྱི་ཚོཊ་ཀྱི་ཐོན་སྐྱེད་ནུས་ཤུཊ་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོཊ་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་དགོས། ནུས་པའི་ངེས་གནས་དང་ཐོན་ལས་ཀྱི་རྨང་གཞི་དངོས་ལ་གཞི་ཚུཊ་པ་དང་། ཁྱད་ལྡན་དང་དགེ་མཚན་ཆེ་བའི་ཐོན་ལས་ཀྱི་སྟོབས་ཤུཊ་ཆེ་རུ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ།སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།ཆུ་ཚད་མཐོ་བའི་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། མཛེས་སྡུག་ལྡན་པའི་ནུབ་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ། རི་ཆུ་ནཊ་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社