分享按钮

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུཊ་བློན་ཆེན་སི་ཐ་མོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུཊ་བློན་ཆེན་སི་ཐ་མོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་སི་ཐ་མོ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་ནའང་།ཀྲུང་དབྱིན་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པས་ཕུགས་དང་འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་རོགས་ཟླའི་གནས་ངེས་རྒྱུན་འཁྱོངས་བྱས་ཏེ།སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་དང་གཉིས་ཕན་གྱི་ཀྲུང་དབྱིན་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་དབྱིན་ཇི་ཕྱོཊ་ཀྱིས་ཀྲུང་གོར་ཕྱི་རོལ་ཡུལ་དང་མཐུན་ཞིང་རྗེས་དཔག་གི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 6 6 拉萨日报藏文 c186722.html 1 ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུཊ་བློན་ཆེན་སི་ཐ་མོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། /enpproperty-->