分享按钮

བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་གནང་བ།

ཞི་ཅིན་ཕིང་དང་།ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་། ཚའེ་ཆི།ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་སོགས་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཕེབས་ནས་ཞལ་གྱེས་ཞུས་པ།

བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་སྙུང་གཞི་ལྕི་པོ་ཕོག་རིང་ཞི་ཅིན་ཕིང་་དང་།ལི་ཆང་།ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་།ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་ཤིང་།སྐུ་གཤེགས་རྗེས་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་གནང་བ།

ཟླ་8ཚེས་23ཉིན་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་གནང་ཞིང་། ཞི་ཅིན་ཕིང་དང་།ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི།ཧན་ཀྲེང་སོགས་ཀྱིས་པ་པའོ་ཧྲན་དུ་ཞལ་གྱེས་ཞུས་པ་དང་། པར་འདི་ནི་ཞི་ཅིན་ཕིང་གིས་ཀྲོའུ་ཀོང་ཀྲའོ་ཡི་གཉེན་ཉེ་དང་ཕྱག་བཏང་ནས་ཐུགས་གསོའི་འཚམས་འདྲི་གནང་བའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་འཐབ་འཛིང་པ།ཕུལ་དུ་བྱུང་བའི་ཚན་རིག་མཁས་ཅན། ཀྲུང་གོ་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་དེ་སྔའི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་གནང་བ་རེད།

བློ་མཐུན་ཀྲོའུ་ཀོང་ཀྲའོ་སྙུང་གཞིས་རྐྱེན་པས་2024ལོའི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ཡི་ཐོག་པེ་ཅིང་དུ་སྐུ་གཤེཊ་ཤིང་། སྐུ་གཤེཊ་སྐབས་དགུང་ལོ་95རེད།

བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་སྙུང་གཞི་ལྕི་པོ་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་།ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་།ཚའེ་ཆི། ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་ཤིང་།བློ་མཐུན་ཀྲོའུ་ཀོང་ཀྲའོ་སྐུ་གཤེགས་རྗེས་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་གནང་བ་རེད།

ཚེས་23ཉིན་གྱི་སྔ་དྲོ།པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོའི་ཚོགས་ཆེན་དུ་གཟི་བརྗིད་ལྡན་པ་དང་སྐྱོ་གདུང་གི་རོལ་དབྱངས་དལ་བུར་གྲགས་ཡོད། ཚོམས་ཆེན་གྱི་དབུས་སྟེང་དུ་གཞི་ནག་པོའི་སྟེང་ཡི་གེ་དཀར་པོས་བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་མྱ་ངན་ཟབ་མོ་ཞུ་ཞེས་པ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་འཕྲེད་འགེལ་སྦྱར་ཡིག་གི་འོག་ཏུ་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་པར་བཞག་ཡོད། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་མེ་ཏོག་དང་ཤུག་པའི་ལོ་མའི་ཁྲོད་བཞག་ཡོད་པ་དང་། སྐུ་ཕུང་གི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དམར་པོས་བཀབ་ཡོད།

སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་དང་།ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི།ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་མྱ་ངན་གྱི་རོལ་དབྱངས་དང་མཉམ་དུ་གོམ་པ་དལ་པོས་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་མདུན་དུ་ཕེབས་ཤིང་།ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་ལ་གུས་འདུད་ཐེངས་གསུམ་ཞུས་པར་མ་ཟད། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་གཉེན་ཉེ་དང་རེ་རེ་བཞིན་ཕྱག་བཏང་ནས་འཚམས་འདྲི་གནང་བ་རེད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་པ་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་།བློ་མཐུན་ཀྲོའུ་ཀོང་ཀྲའོ་སྐུ་འཚོ་བཞུཊ་སྐབས་ཀྱི་གྲོཊ་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཞལ་གྱེས་ཞུ་བར་ཕེབས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་སྙུང་གཞི་ལྕི་པོ་ཕོག་རིང་ཞི་ཅིན་ཕིང་་དང་།ལི་ཆང་།ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་།ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་ཤིང་།སྐུ་གཤེགས་རྗེས་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་གནང་བ། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་གནང་བ། 6 6 拉萨日报藏文 c186724.html 1 ཞི་ཅིན་ཕིང་དང་།ཀྲའོ་ལེ་ཅི།ཝང་ཧུའུ་ཉིང་། ཚའེ་ཆི།ཏིང་ཤུའེ་ཞང་།ལི་ཞི།ཧན་ཀྲེང་སོགས་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཕེབས་ནས་ཞལ་གྱེས་ཞུས་པ། /enpproperty-->