分享按钮

(པར་ངོས་དང་པོར་མཐུད)གསུང་བཤད་ཀྱང་གནང་བས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་ལས་དོན་སྤེལ་ཚུལ་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ང་ཚོར་ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད་ལ་ཕྱོགས་ལྔའི་ཐད་ནས་བརྩེ་སེམས་ཟབ་ཅིང་རེ་སྒུག་ཆེན་པོས་དེ་བས་མཐོ་བ་དང་། དེ་བས་གསར་པ།དེ་བས་ནན་པ། དེ་བས་ཏན་ཏིག་བཅས་ཀྱི་བླང་བྱ་བཏོན་ནས་ང་ཚོར་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་འགན་འཁྲི་ལྕི་པོ་ཁུར་ནས་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་ཡང་གནང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཁྱོན་ཡོངས་ནས་གོ་བ་ལེན་པ།ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ་དྲིན་ཚོར་གྱི་བསམ་པ་དེ་འབད་འབུངས་ཡར་བརྩོན་གྱི་ཕུགས་འདུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་བྱ་སྤྱོད་དུ་འགྱུར་བར་བྱེད་པ། ལས་གནས་ཐོག་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་ཀྱིས་སྔོན་ཐོན་གནས་བབ་ལ་བརྩོན་ལེན་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་དགོས།

མགྱོགས་མྱུར་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དགོས།དེ་ཡང་ལྷ་སའི་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གཞི་གཅིག་ཏུ་སློབ་སྦྱོང་བྱས་ནས་དེའི་ནང་ཁྱབ་པའི་ཐུགས་ཁུར་དང་བླང་བྱ་གསར་ཤོས་དང་རེ་བ་ནན་པོར་གོ་བ་གཏིང་ཟབ་བླངས་ཏེ། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ཁྱོན་ཡོངས་རང་བཞིན་གྱི་ལག་བསྟར་དང་གསར་གཏོད་རང་བཞིན་གྱི་དོན་འཁྱོལ་བྱེད་རིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་ལྷ་སར་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

འབྲེལ་མཐུད་ཀྱི་ལས་དོན་ལག་བསྟར་ཡག་པོ་བྱེད་དགོས།དེ་ཡང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བསྟན་པའི་གནད་དོན་གཙོ་བོ་དང་།བསམ་ཕྱོཊ་གལ་ཆེན། ལས་འགན་གལ་ཆེན་བཅས་དོན་ཚན་རེ་བཞིན་དང་ལེན་དང་།དོན་ཚན་རེ་བཞིན་དུ་དབྱེ་འབྱེད། དོན་ཚན་རེ་བཞིན་དོན་འཁྱོལ་བཅས་བྱས་ཏེ་རྩིས་ཐོའི་དོ་དམ་དང་། ལས་འགན་མི་ཐོག་ཏུ་འཁྱོལ་བ། རྒྱུན་རྣམ་བཀོད་གཏོང་བཅས་བྱེད་པ་བརྒྱུད་དོན་དག་རེ་རེ་བཞིན་དོན་འཁྱོལ་དང་དོན་དག་རེ་རེ་ལ་ལན་འདེབས་ཐུབ་པའི་འགན་ལེན་བྱེད་དགོས།

གཙོ་གནད་ལས་འགན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།དེ་ཡང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཀོད་སྒྲིག་གནང་བའི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས་གཙང་བཤེར་ཅན་གྱི་དོ་དམ་དང་།རྣམ་གྲངས་ཅན་གྱི་དོན་འཁྱོལ།ལས་གཞི་ཅན་གྱི་སྐུལ་འདེད་བཅས་ལག་བསྟར་བྱས་ཏེ། འཐབ་ཕྱོགས་དང་པོར་ལྟ་སྐུལ་ཞིབ་བཤེར་དང་། ལས་ཡུལ་དངོས་སུ་གནད་དོན་ཐག་གཅོད་བྱེད་པར་བསྐྱོད་དེ།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཐུགས་ཁུར་གནང་བའི་དོན་ཆེན་དང་།མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས།

སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས།དེ་ཡང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་རྐང་རྗེས་འཇོག་པའི་ངར་ཤུགས་ལ་བརྟེན་ནས་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ།དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་དང་། དོན་འཁྱོལ་ལ་མགྱོགས་མྱུར་དམ་འཛིན། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ལས་ཀའི་ཕན་འབྲས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ཞིབ་བཤེར་ཏན་ཏིག་བྱེད་དགོས། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186635.html 1 /enpproperty-->