(པར་ངོས་དང་པོར་མཐུད)དཀའ་སྡུག་ལ་མི་སྐྲག་པའི་ཏན་ཏན་ཏིག་ཏིག་གི་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་ངོ་མཚར་ཅན་གསར་པ་གཅིག་རྗེས་གཉིས་མཐུད་ངང་གཏོད་དགོས།གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགྲིམ་འགྲུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་ལས་རིགས་ཀྱི་འགན་འཁྲི་དམ་པོར་ཁུར་ཏེ། འགྲིམ་འགྲུལ་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་། ལས་གྲྭ་ཁག་གཅིག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དོ་དམ་སྲུང་སྐྱོང་ལམ་སྲོལ་ཁག་གཅིག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ་བུ། དར་རྒྱས་ཀྱི་ལམ་བུ་བཅས་འཛུགས་སྐྲུན་ལ་དོ་དམ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།
ཚོགས་འདུའི་ཐོག་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམ་པ་དོན་གཉེར་གྱི་བྱ་ཐབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གསར་ཤོས་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་སྤུས་རྟགས་ཅན་གྱི་སྒོ་བྱང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་དང་། ས་གྲོལ་རྣམ་གྲངས་དེ་བས་མང་བ་ལྷ་སར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།ཕྱོགས་ཡོངས་ནས་ལྗང་མདོག་གི་རྣམ་པ་བསྒྱུར་མགྱོགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་སུ་སྲིད་ཇུས་ཡག་པོ་ཁག་གཅིག་འདོན་པ་དང་། རྣམ་གྲངས་ཡག་པོ་ཁག་གཅིག་ཇུས་འགོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྗང་མདོག་འཕར་བའི་སྒུལ་ནུས་གསར་པ་མཁོ་འདོན་བྱེད་དགོས། དཀའ་ངལ་ལ་རྒོལ་བའི་རྣམ་འགྱུར་དང་བྱེད་ཐབས་སྤྱད་དེ་ཆད་གསབ་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་དང་། ཁྲིམས་ལྟར་སྙན་སེང་ཞུ་བ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཞིབ་བཤེར། ཁྲིམས་ལྟར་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཡུན་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཉེན་ཁ་དོགས་ཟོན་དང་སེལ་བ།མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས། ཏང་ཡོན་ལ་མཐིལ་རྟོགས་དང་།གཡུལ་ས་འཛུགས་སྐྱོང་།ལམ་སྲོལ་འཛུགས་པ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ།སྐོར་སྐྱོད་ཏང་ཡོན་ཚང་མ་ཏང་རྩ་འཛུགས་ཀྱི་དོ་དམ་ནང་འཇུག་པར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་ལྡན་དུ་འདྲེས་པ་དང་རྒྱུན་ལྡན་དུ་དམ་འཛིན་བྱས་ཏེ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་ནན་པ།སྒྲིག་ཁྲིམས་སྲུང་བ་བཅས་རང་རྟོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་དག་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་གྲ་སྒྲིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ཏང་གི་སྲིད་ཇུས་ཀྱི་འོད་ཟེར་འོག་ལྷ་སར་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་གང་ལེགས་མངོན་པར་བྱེད་དགོས་ལ་གསར་གཏོད་རང་བཞིན་ལྡན་པ་དང་། ནང་དོན་གསར་པ་ལྡན་ལ་དགའ་པོ་བྱེད་པའི་རིག་རྩལ་བྱེད་སྒོ་ཁག་གཅིག་ཇུས་འགོད་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཆམ་མཐུན་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་དངོས་སུ་མྱོང་ཚོར་ཐུབ་པར་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社