分享按钮

མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནད་དོན་རྩ་བའི་ཆ་ནས་བསལ་ཐུབ་པ།

(པར་ངོས་དང་པོར་མཐུད)ཚེས་18ཉིན།དེ་གར་འཚོགས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཐོག་ནས་འདས་ཟིན་པའི་ལོ་15ཡི་རིང་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་ཆོས་ཉིད་དང་སྤྱི་ཡོངས་ལེགས་སུ་འགྲོ་བའི་རྣམ་པ་གསལ་སྟོན་བྱས་ཡོད། སྤུས་ལེགས་རིམ་པའི་རྩྭ་ས་དང་ནགས་ཚལ་རྒྱ་ཁྱོན་གྱི་བསྡུར་ཚད་ཁག་སོ་སོར་བརྒྱ་ཆ་6དང་བརྒྱ་ཆ་12མཐོ་རུ་ཕྱིན་པ་དང་། ཆུ་ཁུངས་གསོ་སྐྱོང་དང་། ས་རྒྱུ་རྒྱུན་འཁྱོངས། རླུང་འགོག་བྱེ་བརྟན་བཅས་ཀྱི་ཞབས་ཞུའི་ནུས་པ་ཁག་སོ་སོར་བརྒྱ་ཆ་1དང་། བརྒྱ་ཆ་2 བརྒྱཆ་70བཅས་མཐོ་རུ་ཕྱིན་ཡོད། སྐྱེ་ཁམས་མ་ལག་གི་རིགས་བསྒྱུར་བའི་བསྡུར་ཚད་བརྒྱ་ཆ་1ལས་དམའ་བ་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པའི་དུས་དང་བར་སྟོང་གི་རྣམ་པར་དཔྱད་དཔོག་བྱས་པ་དེའི་ནང་།རྩྭ་ས་དང་ནགས་སའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ལག་བསྟར་རྒྱ་ཁྱོན་སོ་སོར་སྟོང་སྨི་གྲུ་བཞི་མ་ཁྲི་25དང་སྟོང་སྨི་གྲུ་བཞི་མ་ཁྲི་3ཟིན་པ་དང་།ས་ཆུ་ཤོར་བ་བཅོས་སྐྱོང་དང་ས་ཞིང་བྱེ་འགྱུར་བཅོས་སྐྱོང་ལས་གྲྭའི་ལག་བསྟར་རྒྱ་ཁྱོན་སོ་སོར་སྟོང་སྨི་གྲུ་བཞི་མ་ཁྲི་0.7དང་སྟོང་སྨི་གྲུ་བཞི་མ་ཁྲི་0.6ཟིན་ཡོད།

མཚོ་བོད་ས་མཐོ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་།གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚ་བའི་ཡུལ་ཞིག་ཡིན་ཞིང་། ཆུ་ཁུངས་གསོ་སྐྱོང་དང་། གནམ་གཤིས་སྙོམས་སྒྲིག ས་རྒྱུ་སྲུང་འཛིན།རླུང་འགོག་བྱེ་བརྟན། ཐཱན་འདུས་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་གལ་ཆེན་ལྡན་ཡོད། ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་གི་ཁྱད་ཆོས་ལ་དཔྱད་དཔོག་བྱས་པ་དང་འབྲེལ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལེགས་སུ་གཏོང་རྒྱུར་ཚན་རིག་དང་མཐུན་པའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186629.html 1 མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནད་དོན་རྩ་བའི་ཆ་ནས་བསལ་ཐུབ་པ། /enpproperty-->