ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ཆ།མངག་སྐྱེལ་བའི་སྦག་སྦག་དང་མཉམ་སྤྱོད་གློག་སྒུལ་སྦག་སྦག་དེ་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སྟབས་བདེ་དང་ཕན་འབྲས་བཟང་པོ་ལོངས་སུ་སྤྱོད་པ་དང་དུས་མཚུངས་མངག་སྐྱེལ་བ་དང་གློག་སྒུལ་སྦག་སྦག་སྤྱོད་མཁན་ཁག་གཅིག་གི་ཚུལ་མིན་བྱ་སྤྱོད་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་དང་གྲོང་མིའི་འཚོ་བར་སྟབས་མི་བདེ་བ་མང་པོ་བཟོས་ཡོད། གནད་དོན་དེ་རིགས་ལ་དམིགས་ཏེ།ཟླ་8ཚེས་20ཉིན། གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་པ་དང་མཉམ་དུ་ཧྥུའུ་ཁང་སྨན་ཁང་གི་ལམ་བཞི་མདོ་སོཊ་སུ་ཡོང་ནས་ཡུལ་དངོས་སུ་བཅར་འདྲི་དང་བརྟག་དཔྱད་བྱས་པ་རེད།
གསར་འགོད་པར་ཧྥུའུ་ཁང་སྨན་ཁང་གི་ལམ་བཞི་མདོ་ཁ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི་ལམ་བཞི་མདོ་ཁ། མཁའ་ལམ་གྱི་བཞི་མདོ་ཁ་སོགས་ནས་ཕྱིར་ཚོང་བྱེད་མཁན་ཁག་གཅིག་དང་། མཉམ་སྤྱོད་གློག་སྒུལ་སྦག་སྦག་གཏོང་མཁན་ཁག་གཅིག དེ་བཞིན་གློག་སྒུལ་སྦག་སྦག་གཏོང་མཁན་ཁག་གཅིག་གིས་བདེ་འཇགས་རྨོག་ཞྭ་གྱོན་མེད་པ་དང་། གློག་དམར་བརྒལ་བ། ལྡོག་སྐྱོད་སོགས་ཚུལ་མིན་བྱ་སྤྱོད་ཡོད་པ་མཐོང་ཡོད། ཕྱིར་ཚོང་སྦག་སྦག་ཞོན་མཁན་ཁག་གཅིག་གིས་དུས་ཚོད་ལ་དམ་འཛིན་བྱ་ཆེད།འགྲིམ་འགྲུལ་གྱི་སྒྲིག་སྲོལ་སྣང་མེད་དུ་བཏང་ནས་ལམ་བསྒྱུར་ཏེ།སྦག་སྦག་གཏོང་སྐབས་ཁ་པར་ཉན་ནས་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་བཟོ་གི་ཡོད། གློག་སྒུལ་སྦག་སྦག་གཏོང་མཁན་དང་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྤྱོད་མཁན་ཁག་གཅིག་གིས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་མི་བྱེད་པ་དང་། རེ་བ་ལྟར་རྨོག་ཞྭ་གྱོན་མེད་པར་ལམ་བསྒྱུར་ནས་བསྐྱོད་པར་མ་ཟད། ད་དུང་ཁག་གཅིག་གིས་རང་དགར་སྦག་སྦག་ལ་ཆར་སྤྱིལ་སྒྲིག་པ་དང་། སྦག་སྦག་བཞོན་ནས་ཁ་པར་ལེན་པ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་ཐོན་ཡོད། ལམ་དུམ་ཁག་གཅིག་གི་མཉམ་སྤྱོད་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ། ལོང་ལམ་དང་། འཁོར་ལམ།མི་བགྲོད་ལམ་སོཊ་བཟུང་བའི་སྣང་ཚུལ་ཐོན་ཡོད་པས་གྲོང་ཁྱེར་གྱི་གཟུཊ་བརྙན་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། གྲོང་ཁྱེར་གྱི་འགྲིམ་འགྲུལ་ལའང་སྟབས་མི་བདེ་བ་ཆེན་པོ་བཟོས་ཡོད།
མངག་སྐྱེལ་བ་དང་། མཉམ་སྤྱོད་གློག་སྒུལ་སྦག་སྦག་གཏོང་མཁན། གློག་སྒུལ་སྦག་སྦག་གཏོང་མཁནབཅས་ཀྱི་ཚུལ་མིན་གྱི་བྱ་སྤྱོད་ཀྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་བདེ་འཇགས་ལ་དེ་བས་འཇིགས་སྐུལ་བཟོས་ཡོད། ང་ཚོས་རྒྱ་ཆེའི་གྲོང་མི་རྣམས་ཡ་རབས་ལྡན་པའི་འགྲིམ་འགྲུལ་གཏོད་པའི་ནང་ཧུར་ཐག་ཞུགས་ནས་རང་འགུལ་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ།བདེ་འཇགས་དང་། གོ་རིམ་ལྡན་པ། ཡ་རབས་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་བསྐྲུན་ནས་གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་རེ་འབོད་ཞུ་རྒྱུ་ཡིན།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社