分享按钮

(པར་ངོས་དང་པོར་མཐུད)འགོ་ཚུཊ་མཛད་སྒོ་དེ《ང་ཀྲུང་ཧྭ་ལ་དགའ》ཞེས་པའི་གླུ་གཞས་ཁྲོད་མཇུག་འགྲིལ་བ་དང་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད།

ཤའོ་ཡིའུ་ཚའེ་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་གསུངས་པ་རེད། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ·ལ་ཕ་ཏི་ཨན་གྱིས་སྐབས་འདིའི་འགྲན་བསྡུར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོད།

ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་དེ་2018ལོ་ནས་བཟུང་སྐབས་བཞི་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། 2023ལོར་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་རིམ་པ་2.2ཀྱི་གཞུང་ལམ་རྒྱལ་སྤྱིའི་འགྲན་བསྡུར་དུ་དངོས་སུ་ཐོ་འགོད་བྱས་པ་དང་།རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ནང་བཅུག་ནས་བོད་ལྗོངས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་དང་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྐབས་འདིའི་འགྲན་བསྡུར་དུས་ཡུན་ཉིན་ལྔ་ཡིན་ཞིང་ལྷ་ས་དང་། ཉིང་ཁྲི། གཞིས་ཀ་རྩེ་བཅས་སུ་ཁྱོན་འགྲན་བསྡུར་དུམ་བུ་གསུམ་ཡོད། འགྲན་བསྡུར་གྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་ལ་ཁ་ཕྱོགས་པ་དང་།“རྒྱུད་གཅིག་ལམ་གཅིག”སྦྲེལ་མཐུད་བྱེད་པ། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཕྱི་རོལ་གྱི་ཡུལ་སྐོར་ཁུལ་ཆེན་བསྐྲུན་པ”བཅས་གཙོ་དོན་དུ་བྱེད་པ་དང་།“རྐང་འཁོར་བཞོན་ནས་ཆེས་མཛེས་པའི་གཞུང་ལམ་དུ་སྐྱོད།འཛུམ་མདངས་འཕྱུར་ནས་ཧི་མ་ལ་ཡ་དང་ཉེ་བར་བཅར”ཞེས་པ་འབོད་ཚིག་ཏུ་བྱས་ཏེ“འགྲན་བསྡུར་དང་འཛད་སྤྱོད་ཟུང་དུ་འབྲེལ་བ”དང་།“འགྲན་བསྡུར་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བ”“འགྲན་བསྡུར་དང་ཐོན་ལས་ཟུང་དུ་འབྲེལ་བ”བཅས་ལ་དམིགས་ཏེ་སྒོ་དབྱེ་དང་། མཉམ་ལས། སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་།འགྲན་བསྡུར་གྱི་མཐོ་ཚད་གསར་པ་དང་ཆུ་ཚད་གསར་པ་བཏོད་ནས་འཛམ་གླིང་གིས་སྔར་བས་བོད་ལྗོངས་ལ་རྒྱུས་ལོན་ཐུབ་པ་དང་། བོད་ལྗོངས་འདི་ཉིད་སྔར་བས་འཛམ་གླིང་ཕྱོཊ་སུ་སྐྱོད་ཐུབ་པར་བྱ་རྒྱུ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186628.html 1 /enpproperty-->