(པར་ངོས་དང་པོར་མཐུད)རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོཊ་འབྲེལ་བའི་གཡོ་འགུལ་གཏོང་མི་རུང་བའི་རྨང་གཞི་ཞིག་རེད། ཀྲུང་གོས་རང་ཉིད་ཁེར་རྐྱང་ངང་འཐུས་སྒོ་ཚང་བའི་དེང་རབས་ཅན་དོན་གཉེར་མི་བྱེད་པར་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེའི་འཕེལ་རྒྱས་དང་། གཉིས་ཁེ་མཉམ་ལས། ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཞི་བདེར་སྲུང་སྐྱོང་གི་བརྟན་ལྷིང་སྟོབས་ཤུཊ་དང་། སྒོ་དབྱེའི་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུཊ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འཛུཊ་སྐྲུན་སྟོབས་ཤུགས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་སྟོབས་ཤུགས་བཅས་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་མཛུབ་སྟོན་གནང་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་ཞིག་སྣོན་རྒྱུ་དང་། རྒྱལ་ཁབ་ཁག་དང་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་མདུན་ལམ་གསར་པ་གཏོད་པ་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་སྒྲིག་གཞི་དང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོའི་བཅོས་སྐྱོང་ཐད་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དེ་རེད། བྱ་བ་ཡོད་ན་གྲོས་མོལ་བྱེད་པ་དང་། མི་དམངས་ཀྱི་བྱ་བ་མི་དམངས་ཀྱིས་གྲོས་མོལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་འདུན་གྱི་མཐུན་ཆ་ཆེ་ཤོས་འཚོལ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་ལུགས་དེ་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུཊ་ཀྱི་གོ་རིམ་ཆ་ཚང་ཡོད་པར་མ་ཟད། ཆ་ཚང་བའི་ཐེ་ཞུགས་ཀྱི་ལག་ལེན་ཡོད་པ་དེ་ནི་རྒྱ་ཁྱབ་དང་། བདེན་པ། གོ་ཆོད་པ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དབར་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ།ཕན་ཚུན་བརྩི་འཇོག་དང་གདམ་ག་བྱེད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ལམ་ལུཊ་ཀྱི་རྨང་གཞིའི་ཐོག་ཁྲིམས་འཛུགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན།
རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་དང་ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་ཁེ་སུང་དང་། ན་སྨི་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁ་ཅ་ཝུའེ་ཝུའེ། སུའུ་ལི་ནན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པེ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་ཞིང་། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབར་ཡུན་རིང་མཛའ་གྲོགས་དང་མཉམ་ལས་དམ་ཟབ་བྱས་ཡོད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཁག་གི་གྲོས་ཚོགས་དབར་མཐུན་སྒྲིལ་དང་། ཕན་ཚུན་ཡིད་ཆེས། མཛའ་གྲོགས། མཉམ་ལས་བཅས་ལ་གཞོལ་ནས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ཡི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་མི་གྲངས་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པར་མ་ཟད། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱང་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བསྟན་པ་དང་། ཡིད་ཆེས་ཆེ་རུ་ཕྱིན་པ། གོ་སྐབས་གལ་ཆེན་ཡང་མཁོ་འདོན་བྱས་ཡོད། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་པོ་དྲང་གཞག་གི་ལངས་ཕྱོགས་འཛིན་པ་དང་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཐོག་དར་སྤེལ་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཕྱོགས་ཁག་ཚང་མས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་དང་མཛའ་གྲོགས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་བ། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ནན་པོ་ཞུ་བ། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་དུ་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འབོད་སྐུལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཚའེ་ཆི་དང་། ཝང་དབྱི། ལི་ཧུང་ཀྲུང་སོགས་མཇལ་མོལ་ནང་ཞུགས་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社