(པར་ངོས་གསུམ་པར་མཐུད)སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆུ་ཤུར་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་།ཆུ་ཤུར་རྫོང་གིས་ཤེས་ལྡན་པའི་སྟོབས་ཆེན་རྫོང་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཤེས་ལྡན་པའི་ཐོན་ཁུངས་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཡོད།ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེས་ཆུ་ཤུར་རྫོང་གི་གཞོན་ནུ་ཤེས་ལྡན་པར་རང་ཉིད་འགྲེམས་སྟོན་དང་བསམ་བློ་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད།ཆུ་ཤུར་རྫོང་གིས་ཤེས་ལྡན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་ཡང་མཚོན་ནས་ཤེས་ལྡན་པར་མཐོང་ཆེན་དང་།བརྩི་བཀུར།ཤེས་ལྡན་པར་གཅེས་སྤྲས་བྱེད་པའི་རྣམ་པ་བཟང་པོ་སྔར་བས་བཏོད་དེ་ཆུ་ཤུར་རྫོང་གི་འཕེལ་རྒྱས་ལ་རིག་སྟོབས་དང་ནུས་པ་འདོན་སྤྲོད་བྱེད་པའི་ཕན་འབྲས་ཆེ་རུ་ཕྱིན་ཡོད།སླད་ཕྱིན་ཆུ་ཤུར་རྫོང་གིས་ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་དང་། ལྗོངས།གྲོང་ཁྱེར་ཏང་ཨུད་བཅས་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།ཆུ་ཤུར་གྱི་སྤྱི་ཚོགས་ཡོངས་སུ་བྱ་གཞག་ལ་བརྟེན་ནས་ཤེས་ལྡན་པ་གནས་ཐུབ་པ་དང་།ཤེས་ལྡན་པས་བྱ་གཞག་གཏོད་དུ་འཇུག་པའི་གསོན་ཉམས་ལྡན་པའི་རྣམ་པ་རྒྱུན་མཐུད་ངང་གཏོད་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社