ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན། མཐོ་གསར་ཁུལ་གྱི་ཆེད་དོན་ལས་དོན་ཚོགས་ཆུང་གིས་ཁེ་ལས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཅིག་སྡུད་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཤིང་། མཐོ་གསར་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་100ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་མཐོ་གསར་ཁུལ་གྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ཁོངས་མི་ཚའོ་ཀྲི་མིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པ་དང་། སྒྱུར་བཅོས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་ཁ་བྱང་དུ་བྱས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ལ་དམ་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བཀོད་སྒྲིག་དང་བླང་བྱ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས་པ་རེད། ཡུལ་དངོས་ཀྱི་རྒྱལ་གཉེར་དང་གཞུང་ཁོངས་རྒྱུ་ནོར་ཁེ་ལས་ཀྱིས་སྔར་བས་རང་རྟོགས་ངང་རྒྱལ་ཁབ་ཀྱི་སྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་དེའི་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ།ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་སྔར་བས་ལེགས་པར་འཁུར་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་སྒྱུར་བཅོས་ཀྱི་གོ་སྐབས་ལ་དམ་འཛིན་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་སྐུལ་མ་བྱས་པ་རེད།
བོད་ལྗོངས་ཤིང་ཝོ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅིང་གིས་སྒྲོག་འགྲེལ་བྱས་པ་བརྒྱུད། ཚང་འཛོམས་གྲོས་ཚོགས་ཐོག་ཁྱབ་ཁོངས་མང་པོའི་སྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས་པ་དང་། ལྷག་པར་དུ་དམངས་གཉེར་ཁེ་ལས་ཀྱི་ངོས་ནས་བརྗོད་ན་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་འཕྲད་པ་ངས་ཤེས་རྟོགས་བྱུང་། ང་ཚོས་ངེས་པར་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་འབྲང་བ་བཅས་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱས་ནས་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社