分享按钮

བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆར་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་སྐབས་དྲུག་པའི་ལག་ལེན་སྒར་སའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་མའི་སེམས་ལ་འཇགས་པ།

པར་འདི་ནི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆར་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་སྐབས་དྲུག་པའི་ལག་ལེན་སྒར་སའི་བྱེད་སྒོ་དང་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་མཐའ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མའི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་མའི་སེམས་ལ་འཇགས་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་གཉེར་བའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆར་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་སྐབས་དྲུག་པའི་ལག་ལེན་སྒར་སའི་བྱེད་སྒོ་དང་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་མཐའ་སྲུང་སློབ་གསོའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།

ཐེངས་འདི་བྱེད་སྒོའི་དུས་ཡུན་ཉིན་7ཡིན་པ་དང་། ནང་དོན་ཁྲོད་རྒྱལ་སྲུང་སློབ་གསོའི་འཆད་ཁྲིད་ཉན་པ་དང་། མཐའ་སྲུང་གློག་བརྙན་ལྟ་བ། མཐའ་སྲུང་གཏམ་རྒྱུད་མཉམ་སྤྱོད་བྱེད་པ། བོད་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཞོན་ནུ་ལོ་ཆུང་གི་གཙོ་དོན་འགྲེམས་ཁང་ལ་ལྟ་སྐོར་བྱེད་པ། མཐའ་སྲུང་ལམ་བུར་བསྐྱར་དུ་སྐྱོད་ཅེས་པའི་གཟུགས་ནུས་སྦྱོང་བརྡར། མདའ་འཕེན་པ་དང་ལག་འབོམ་འཕེན་པའི་ཉམས་ལེན་སོགས་ཚུད་ཡོད། བྱེད་སྒོའི་ཁྲོད་རུ་མི་ཚང་མས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལུས་སེམས་ཚང་མ་དེའི་ནང་ཞུགས་ནས་གོམས་གཤིས་བཟང་པོ་གསོ་སྐྱོང་དང་། སྙིང་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱས་ཏེ་བསམ་བློའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད། རུ་མི་ལྷ་མོ་ཆོས་མཚོས་ལག་ལེན་སྒར་སའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པས་ང་ཚོས་ལག་ལེན་ཁྲོད་སྦྱོང་བརྡར་བྱས་ནས་འཚར་ལོངས་ཡོང་རྒྱུར་གྲུབ་འབྲས་མང་པོ་ཐོབ་བྱུང་ལ། ང་དང་སློབ་གྲོགས་ཚོ་ཏང་གི་སྲིད་ཇུས་བཟང་པོའི་འོག་སྐྱོན་བྲལ་ངང་འཚར་ལོངས་ཡོང་བཞིན་ཡོད་པས། ང་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཀུན་སྤྱོད་དང་།ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་གྱུར་བར་བྱ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་མའི་སེམས་ལ་འཇགས་པ། 6 6 拉萨日报藏文 c186562.html 1 བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆར་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་སྐབས་དྲུག་པའི་ལག་ལེན་སྒར་སའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->