ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཞོན་ནུ་ཤེས་ལྡན་པའི་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ནས་གཞོན་ནུ་ཤེས་ལྡན་པ་ཆུ་ཤུར་དང་མཉམ་འདྲེས་དང་། ཆུ་ཤུར་དུ་རྩ་བ་ཚུགས་རྒྱུ།ཆུ་ཤུར་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱ་ཆེད། ཟླ་8ཚེས་16ཉིན།ཆུ་ཤུར་རྫོང་གིས་གཞོན་ནུ་ཤེས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་ཆུ་ཤུར་གྱི་སྐོར་གླེང་བ་ཞེས་པའི་2024ལོའི་གཞོན་ནུ་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།ཆུ་ཤུར་རྫོང་གི་ཏང་སྲིད་ལས་ཁུངས་ཚན་པ་དང་།ཁེ་ལས་བྱ་གཞག་ཚན་པའི་ལོ་35མན་གྱི་གཞོན་ནུ་ཤེས་ལྡན་པ་དང་།ལས་བྱེད་པའི་འཐུས་མི།སྤྱི་ཚོགས་ལས་རིགས་ཁག་གི་གཞོན་ནུ་ཤེས་ལྡན་པའི་འཐུས་མི་བཅས་ཁྱོན་མི་གྲངས་60ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་ལས་དོན་པས་འདི་ལོའི་ཆུ་ཤུར་རྫོང་གི་གཞོན་ནུ་ཤེས་ལྡན་པའི་ལས་དོན་གྱི་ནང་འདྲེན་གསོ་སྐྱོང་དང་བཀོལ་སྤྱོད་བྱས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་།ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་ཤེས་ལྡན་པའི་འཐུས་མི་4ཡིས་གཏམ་བཤད་གནང་སྐབས་ཇི་ལྟར་བྱས་ནས་བྱ་སྤྱོད་ཆེན་པོ་གསུམ་ལ་སྐུལ་འདེད་དེ་བས་ལེགས་པ་བཏང་ནས་ཆུ་ཤུར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།ཚོགས་ཞུགས་གཞོན་ནུ་ཤེས་ལྡན་པ་ཚང་མས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་ཕན་ཚུན་དབར་ཤེས་རྟོཊ་དང་སྤེལ་རེས་ཟབ་ཏུ་ཕྱིན་པར་མ་ཟད། ལྷ་ས་དང་ཆུ་ཤུར་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཁོང་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་བས་འཕེལ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།ཆུ་ཤུར་རྫོང་གནམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀན་ཡན་ཀང་གིས་སླད་ཕྱིན་ངས་དེ་བས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དེ་བས་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་བརྟེན་ནས་གཞོན་ནུ་ཚོའི་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།རང་ཉིད་ལ་འགྲན་སློང་ཟམ་མི་ཆད་པར་བྱེད་པ།ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བ།ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་དཀའ་སྤྱད་འབད་བརྩོན་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社