分享按钮

ཞི་ཅིན་ཕིང་གིས་ཧྥི་ཅིའི་སྲིད་བློན་ལན་པུའུ་ཁ་དང་མཇལ་འཛོམས་གནང་བ།

(པར་ངོས་དང་པོར་མཐུད)ཕན་ཚུན་རོགས་རམ་བྱས་ནས་རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་འདྲ་མཉམ་དང་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཧྥི་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་གང་ལྕོགས་ཀྱིས་མུ་མཐུད་ནས་རོགས་རམ་བྱས་ཏེ་ཧྥི་ཅི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་པ་དང་།ཀྲུང་ཧྥིའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ལན་པུའུ་ཁ་ཡུན་ནན་དང་། ཧྥུའུ་ཅན། ཀྲེ་ཅང་བཅས་ས་ཁུལ་གསུམ་དུ་འཚམས་འདྲིར་ཕེབས་པའི་གནས་ཚུལ་དང་མྱོང་ཚོར་ལ་ཟུང་འབྲེལ་བྱས་ཏེ། དབུལ་སྐྱོར་དང་དབུལ་པོ་ཉུང་གཏོང་ཐད་ཀྱི་ཀྲུང་གོའི་བྱེད་སྟངས་དང་ཉམས་མྱོང་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། མི་དམངས་དུང་ཕྱུར་14ལྷག་ཙམ་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ལ། ཀྲུང་གོས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་ཀྱང་ཡིན། བརྒྱུད་རིམ་དེའི་ནང་ང་ཚོས་མི་རིགས་ཚང་མ་དང་། ས་ཁུལ་ཚང་མ། མི་ཚང་མ་རྗེས་སུ་ལུས་མེད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བྱ་བ་ཆེན་པོ་བསྒྲུབས་པའི་ཆབ་སྲིད་ཀྱི་དགེ་མཚན་གང་ལེགས་མངོན་པར་བྱས་པས། ཀྲུང་གོའི་མི་རིགས་56གི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་དེང་རབས་ཅན་ཞིག་ཡིན། ཀྲུང་གོ་དང་ཧྥི་ཅི་གཉིས་ཀ་འཛམ་གླིང་གི་ལྷོ་ཕྱོགས་སུ་གཏོགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་རོགས་རམ་བྱས་ཏེ། འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དེ་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོཊ་ཀྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་འགྱུར་བར་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ལན་པུའུ་ཁ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་ཕུལ་བྱུང་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ལན་པུའུ་ཁ་ཡིས་གསུངས་དོན། ལོ་30ཡི་གོང་ངས་སྲིད་བློན་གྱི་ངོས་ནས་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། ད་ཐེངས་ཀྱི་འཚམས་འདྲིའི་རིང་ལ་ཡུན་ནན་དང་། ཧྥུའུ་ཅན། ཀྲེ་ཅང་སོགས་ས་ཁུལ་དུ་འཚམས་འདྲིར་ཕྱིན་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་དབུལ་སྒྲོལ་དང་འཕེལ་རྒྱས་ཐད་ཐོབ་པའི་རླབས་ཆེན་གྱི་ངོ་མཚར་དང་གྲུབ་འབྲས་ཆེན་པོར་དངོས་སུ་བདེན་དཔང་བྱས་པས་ཡིད་སྨོན་སྐྱེས་དགོས་པ་ཞིག་བྱུང་། ངས་ཀྲུང་གོ་ཕྱོགས་ཀྱི་སྔོན་ཐོན་འདུ་ཤེས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་རྒྱུ་དང་། ལྷག་པར་དུ་གཞི་རིམ་དུ་ཟབ་འཇུག་བྱས་ནས་མི་དམངས་ཀྱི་སྐད་ཆར་ཉན་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་དང་། རྨང་གཞིའི་སྒྲིག་བཀོད། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མུ་མཐུད་ནས་མཉམ་སྐྲུན་བྱས་ཏེ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དེ་ཞི་བདེའི་རྒྱ་མཚོ་ཆེན་མོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྦད་དེ་བསམ་ཤེས་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ནས་ལག་ལེན་དུ་བསྟར་རྒྱུ་ཡིན།

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186561.html 1 ཞི་ཅིན་ཕིང་གིས་ཧྥི་ཅིའི་སྲིད་བློན་ལན་པུའུ་ཁ་དང་མཇལ་འཛོམས་གནང་བ། /enpproperty-->