分享按钮

(པར་ངོས་དང་པོར་མཐུད)རང་རྒྱལ་འདི་ཉིད་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཐུབ་པའི་རྩ་བ་ནི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།ལུས་རྩལ་རྩལ་འགྲན་སྦྱོང་བརྡར་ལ་སྔོན་ཐོན་ཚན་རྩལ་གྱི་འདེགས་སྐྱོར་དང་དངོས་པོའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་པས་ཡིན།ཁྱབ་ཁོངས་ཁག་གི་ལུས་རྩལ་ཤེས་ལྡན་པ་འབུར་དུ་ཐོན་པར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་དང་རྒྱ་ཆེའི་མང་ཚོགས་ཀྱི་རྨང་གཞི་ཡང་བཏོད་ཡོད།དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཚེ་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཆ་རྐྱེན་དེ་བས་ལེགས་པ་མཁོ་འདོན་དང་སྒུལ་ཤུགས་ཤུགས་ཆེན་སྣོན་ཐུབ་ངེས་རེད།ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་།ལུས་རྩལ་སྟོབས་ལྡན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ལས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་རྒྱས་གོང་འཕེལ་བཏང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཕན་ཚུན་འོད་སྟོང་འཕྲོ་ཐུབ་པར་མ་ཟད།དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་འགྲེལ་ཡང་བྱས་ཡོད།འགྲན་རའི་ཐོག་ཚང་མས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་པ་དང་།རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ནམ་ཡང་མི་སྒེར་ལས་བརྒལ་བ་དང་།ངའི་གསེར་གྱི་རྟགས་མ་དེ་རླབས་ཆེན་མེས་རྒྱལ་ལ་འབུལ་རྒྱུ་ཡིན་སོགས་ཀྱི་དམ་བཅའ་སྐད་གྲགས་ཆེན་པོས་མེས་རྒྱལ་གོང་དུ་བཀུར་བ་དང་།རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་པ་དང་།ཞུམ་མེད་ཀྱི་འབད་བརྩོན་དང་ཡར་ཐོན་ཧུར་ལེན་གྱི་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་མཚོན་པ།མཐུན་སྒྲིལ་མཉམ་ལས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པའི་རྩ་ཆེའི་གཤིས་རྒྱུད་མཚོན་པ།ཀྲུང་གོའི་གཞོན་ནུའི་མི་རབས་ཀྱི་ཡིད་ཆེས་སྤྲོ་སྣང་དང་སྤྲོ་སེམས་འཁོལ་བའི་ཉམས་འགྱུར་མཚོན་ཡོད།ཁྱེད་ཚོས་འཛམ་གླིང་ཡོངས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་གསོག་འཇོག་མཐོང་དུ་བཅུག་པ་དང་།ཀྲུང་གོའི་སྒོ་དབྱེ་ཁོང་ཡངས་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མཐོང་དུ་བཅུག་པ།ཀྲུང་གོའི་མི་དམངས་ཀྱི་བློ་སྟོབས་དང་།ངར་ཤུགས།བློ་སྟོབས་བཅས་མཐོང་དུ་བཅུག་པ་རེད།མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་ཆེད་དུ་སྤོབས་པ་སྐྱེས་ཤིང་།ཁྱེད་ཚོར་བསྟོད་བསྔགས་བྱེད་ཀྱི་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ།གཙང་མའི་གསེར་གྱི་རྟགས་མ་བཅས་ཐོབ་རྒྱུ་མཐའ་འཁྱོངས་བྱས་ནས།ལུས་རྩལ་གྱི་ཀུན་སྤྱོད་དར་སྤེལ་བཏང་བས་རྒྱ་ཁྱབ་ཀྱི་བརྩི་འཇོག་ཁས་ལེན་ཐོབ་ནས་དུས་རབས་གསར་པའི་ཀྲུང་གོའི་གཟུགས་བརྙན་གང་ལེགས་མངོན་ཡོད།འགྲན་རར་ཚང་མས་སྒྲིག་སྲོལ་ལ་བརྩི་སྲུང་དང་།འགྲན་ཡར་བརྩི་འཇོག ཤན་འབྱེད་པར་བརྩི་འཇོག ལྟད་མོ་བར་བརྩི་འཇོག་བཅས་བྱས་ནས་འགྲན་བསྡུར་གྱི་སྒྲིག་ལམ་དང་ཡ་རབས་གུས་ལུགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁ་ཐོབ་པར་སྤོབས་པ་མི་བྱེད་པ་དང་ཕམ་པར་ཡིད་ཆད་མི་བྱེད་པར་འགྲན་བསྡུར་དང་།ཀུན་སྤྱོད། ཉམས་འགྱུར་བཅས་ཀྱི་ཐད་ནས་གསེར་གྱི་རྟགས་མ་བླངས་ཡོད་ཅེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དུས་འཁོར་གསར་པ་འགོ་ཚུགས་ཟིན་ཡོད། ཚང་མས་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།དགེ་སྤེལ་སྐྱོན་གསབ་བྱེད་པ།ཤེས་ལྡན་པ་གསོ་སྐྱོང་མགྱོགས་སུ་གཏོང་བ།སྤུས་ཚད་མཐོན་པོའི་སྒོ་ནས་དམག་གྲབས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་།རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གཉིས་གཅིག་རམ་གཅིག་འདེགས་ཡིན་པས།ཚང་མས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས།དམངས་ཡོངས་ཀྱི་ལུས་སྦྱོང་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་སྤེལ་རྒྱུར་སྐུལ་ཁྲིད་བྱེད་པ་དང་།ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་།ལིའུ་གོ་ཀྲུང་།ལི་ཧྲུའུ་ལེ།ལི་ཧུང་ཀྲུང་།ཧོ་ཝུའེ་ཏུང་།ཁྲེན་ཝུའུ་བཅས་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལུས་རྩལ་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་མཇལ་འཕྲད་ནང་ཞུགས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186560.html 1 /enpproperty-->