分享按钮

པེ་ཅིང་དང་བོད་ཀྱི་སློབ་མའི་གཅེས་སེམས་བྱ་སྤྱོད་ལྷ་སར་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2023ལོའི་ཟླ་8པར། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་གདན་ཞུས་ལྟར་པེ་ཅིང་གཞོན་ནུ་ལོ་ཆུང་གསར་གཏོད་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་སློབ་ཚོགས་པ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)5ཡི་སློབ་གྲྭ་འབྲིང་ཆུང་10རུ་བསྐྱོད་པ་དང་། ཅིང་བོད་སློབ་མས་ཐུན་མོང་ཐོག་ཅིང་བོད་སེམས་པ་གཅིག་ཏུ་སྒྲིལ། ཡི་གེ་མཐོང་ཚེ་ངོ་འཕྲད་འདྲ་ཞེས་པའི་གཙོ་དོན་གྲོས་འགོ་ཁྱབ་བསྒྲགས་བྱས་པ་རེད། ཉེ་ཆར། གཅེས་སེམས་བྱ་སྤྱོ་དེ་སླར་ཡང་སྤེལ་འགོ་ཚུགས་ནས་ཅིང་བོད་ས་གནས་གཉིས་ཀྱི་སློབ་གྲྭའི་སྨྱུག་གྲོགས་2000ལྷག་ཙམ་གྱི་སྣེ་ཁྲིད་དེ་ཤོག་བུ་དང་སྨྱུ་གུ་བཟུང་ནས་བསམ་བློ་སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ་འཚར་ལོངས་ཀྱི་སྐོར་མཉམ་དུ་གླེང་མོལ་བྱས་པ་རེད། འདི་ལོའི་ཅིང་བོད་སེམས་པ་གཅིག་ཏུ་སྒྲིལ། ཡི་གེ་མཐོང་ཚེ་ངོ་འཕྲད་འདྲ་ཞེས་པའི་བྱེད་སྒོའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་16དང་ལྷ་སའི་སློབ་གྲྭ་འབྲིང་ཆུང་16ལ་ཁྱབ་ཡོད་པ་རེད།

ཟླ་8ཚེས་19ཉིན། ཅིང་བོད་གླེང་སྟེགས་ཐོག་པེ་ཅིང་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་དང་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་སོགས་སློབ་གྲྭ་ནས་ཡོང་བའི་སློབ་གྲོགས་ཚོས་འཚོ་བའི་དོན་དངོས་ལ་གཞིགས་ནས་ཚན་རྩལ་སྤེལ་རེས་བྱས་པ་དང་། ཅིང་བོད་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་ཐུན་མོང་ཐོག་སློབ་སྦྱོང་བྱེད་པ་དང་འཚར་ལོངས་བྱུང་ནས་ཚན་རིག་གི་བྱང་ཚད་མཐོ་རུ་ཕྱིན་ཡོད། གཅེས་སེམས་ལྡན་པའི་གཞོན་ནུ་གངས་ལྗོངས་སུ་སྐྱོད། ཅིང་བོད་སེམས་མཐུན་གྱིས་ཕུགས་འདུན་ཕྱོགས་སུ་ནམ་འཕང་གཅོད། ས་གནས་གཉིས་ཀྱི་དགེ་སློབ་ཚོས་ཅིང་བོད་ཁྱིམ་ཚང་གཅིག་དང་མཉམ་འདྲེས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད།

བྱེད་སྒོ་དེས་པེ་ཅིང་གི་ཚན་རྩལ་སློབ་གསོའི་ཐོན་ཁུངས་དང་བོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་ཐུན་མོང་མ་ཡིན་པའི་ཚན་རིག་སློབ་གསོའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད། པེ་ཅིང་གི་དགེ་སློབ་ཚོ་སྙེ་མོ་རྫོང་སློབ་འབྲིང་དང་། སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་དང་པོ། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་སོགས་སློབ་གྲྭ་འབྲིང་ཆུང་10རུ་བསྐྱོད་དེ་ས་གནས་དེ་གའི་དགེ་སློབ་དང་མཉམ་དུ་ཚན་རིག་གི་གསང་བ་འཚོལ་ཞིབ་བྱེད་ཅེས་པའི་ཨོ་ལིམ་ཕིག་གི་བྱེད་སྒོ་སྤེལ་ཞིང་། རླུང་སྒུལ་ཤོག་བུའི་མེ་ཤུགས་འཕུར་མདའི་རྒྱལ་ཁབ་ཀྱི་གལ་ཆེའི་ཡོ་བྱད་ཀྱི་རྩ་བའི་རིགས་པ་ནས་རླུང་ཤུགས་དངོས་ལེན་གྱི་རླུང་ནུས་འཚོལ་ཞིབ་དང་། བཟོ་སྐྲུན་པ་ཆུང་ཆུང་གི་ཚོགས་པའི་མཉམ་ལས་ནསA4ཤོག་བུ་བརྒལ་བའི་ལངས་གཟུགས་ཀྱི་གྲུབ་ཆ། དེ་ནས་ཤོག་བྱང་ཀྱི་མཐོ་ལྕོག་མཐོན་པོ་བརྩེགས་པའི་བར་ཀྱི་གསར་གཏོད་ཀྱི་འགྲན་སློང་བཅས་ཚང་མ་ཚན་སློབ་སྤེལ་རེས་གཏིང་ཟབ་བྱས་པ་ཞིག་ཡིན་པར་མ་ཟད། པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་མི་རིགས་མཐུན་སྒྲིལ་དང་རིག་གནས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད། ལྷ་སའི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་དང་ཅིང་བོད་ས་གནས་གཉིས་ཀྱི་དགེ་སློབ་དབར་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། བྱེད་སྒོའི་ནང་པེ་ཅིང་ནས་ཡོང་བའི་དགེ་སློབ་ཚོས་ད་དུང་ལྷ་སའི་བྱ་དགའ་ཐོབ་པའི་སློབ་མར་ཚན་རིག་གི་གསང་བ་འཚོལ་ཞིབ་བྱེད་ཅེས་པའི་ཨོ་ལིམ་ཕིག་གི་བྱ་དགའི་ལག་ཁྱེར་སྤྲད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186558.html 1 པེ་ཅིང་དང་བོད་ཀྱི་སློབ་མའི་གཅེས་སེམས་བྱ་སྤྱོད་ལྷ་སར་སྤེལ་བ། /enpproperty-->