ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་གྱིས་སུའུ་ཀྲོའུ་ཡི་བརྩེ་བ་གངས་ལྗོངས་ས་མཐོར་བཅངས་ཞེས་པའི་དབྱར་ཁའི་གུང་གསེང་རིང་གི་སྤྱི་ཚོགས་ལག་ལེན་ཚོགས་པའི་དང་བླངས་པས་བདེ་སྐྱིད་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བདེ་སྐྱིད་སྡེ་ཁུལ་དུ་དང་བླངས་པ་ཚོས་སྒྲོག་འགྲེལ་གྱི་རྣམ་པའི་ཐོག་ནས་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ལ་འབྲི་ཆུའི་ལྷོ་རྒྱུད་ཀྱི་སྐྱེད་ཚལ་དང་ཕོ་བྲང་པོ་ཏ་ལ་གཉིས་ཀྱི་ལོ་རྒྱུས་དང་། བཟོ་སྐྲུན། རིག་གནས་བཅས་ཐད་ཀྱི་མི་འདྲ་བའི་སར་འགྲེལ་བཤད་བརྒྱབ་པ་དང་། ཆུ་རྒྱུད་གནའ་བོའི་གྲོང་རྡལ་དང་བོད་ཀྱི་ཡུལ་མིའི་སྡོད་ཁང་གཉིས་ཀྱི་ཚོན་མདོག་དང་། གཟུགས་དབྱིབས། གདིང་གཞི་སོགས་ཀྱི་མི་འདྲ་ས་བསྡུར་བ་བྱས་ཡོད། ས་གནས་གཉིས་ཀྱི་འཛུགས་སྐྲུན་རིག་གནས་བསྡུར་བ་བྱས་པ་བརྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བར་ཕན་ཚུན་ཤེས་རྟོགས་དང་བརྩི་འཇོག་བྱེད་པ་མཚོན་པར་བྱས་ཡོད། དང་བླངས་པ་ཚོས་ད་དུང་ཅིང་ཐའེ་ལན་DIYཉམས་ལེན་དང་མཉམ་འགུལ་གྱིས་གྲོང་མིའི་སྣེ་ཁྲིད་དེ་སུའུ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་བཟོ་བའི་བརྒྱུད་རིམ་དངོས་སུ་ཉམས་ལེན་བྱས་ཏེ་མི་རིཊ་ཀྱི་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་བཏང་བ་རེད།
བདེ་སྐྱིད་སྡེ་ཁུལ་གྱི་གྲོང་མི་ཨ་འཛོམས་ཀྱིས་དང་བླངས་པས་སུའུ་ཀྲོའུ་ཡི་སྐྱེད་ཚལ་ལ་འགྲེལ་བཤད་རྒྱག་སྐབས་ངས་དེ་སྔོན་ལྟ་སྐོར་དུ་འགྲོ་སྐབས་ཀྱི་གནས་ཚུལ་དྲན་བྱུང་བས་རང་ཉིད་གནས་ངོ་མར་སླེབས་པ་དང་འདྲ་བའི་ཚོར་སྣང་ཡང་བྱུང་། ང་ཡང་ལག་ཤེས་བཟོ་རྩལ་ལ་དགའ་པོ་ཡོད་ལ་དང་བླངས་པས་ང་ཚོ་ལག་ཤེས་བཟོ་རྩལ་ལ་ཉམས་ལེན་བྱེད་དུ་བཅུག་པས་ང་དེ་མ་ཉིད་དུ་དེའི་ནང་ཞུཊ་པས་ངོ་མཚར་ཆེན་པོ་བྱུང་ཞེས་བཤད།
དང་བླངས་ཞབས་ཞུའི་བྱེད་སྒོ་བརྒྱུད།སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་གྱི་དང་བླངས་པ་ཚོས་བོད་ཀྱི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱུང་བར་མ་ཟད། སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཀྱིས་སུའུ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་གཏིང་ཟབ་ཐུབ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱུང་ཡོད།
སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་གྱི་སུའུ་ཀྲོའུ་ཡི་བརྩེ་བ་གངས་ལྗོངས་ས་མཐོར་ཁྱབ་ཅེས་པའི་དབྱར་ཁའི་གུང་གསེང་རིང་སྤྱི་ཚོགས་ལག་ལེན་ཚོགས་པའི་ཚོགས་མི་ཁྲོའེ་སུང་གིས་ཐེངས་འདིའི་བྱེད་སྒོ་བརྒྱུད།ང་ཚོའི་ཚོགས་པས་བོད་ཀྱི་བཟོ་སྐྲུན་ལ་དགའ་པོ་བྱེད་ཀྱི་ཡོད་ལ། ཤེས་རྟོགས་ཀྱང་དེ་བས་ཟབ་པ་བྱུང་ཡོད། སྡེ་ཁུལ་གྱི་གྲོང་མིས་ཀྱང་འབྲི་ཆུའི་ལྷོ་རྒྱུད་ཀྱི་འཛུགས་སྐྲུན་རིག་གནས་ལ་དགའ་པོ་བྱེད་ཀྱི་ཡོད་པས།ཕྱོགས་གཉིས་ཀྱི་འབྲེལ་འདྲིས་འདི་རིགས་ཀྱིས་ང་ཚོའི་བྱ་འགུལ་ལ་སྔར་ལས་དོན་སྙིང་ལྡན་པར་གྱུར་སོང་ཞེས་བཤད།
ཐེངས་འདིའི་བྱེད་སྒོ་ནི་སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་གྱི་སུའུ་ཀྲོའུ་ཡི་བརྩེ་བ་གངས་ལྗོངས་ས་མཐོར་བཅངས་ཞེས་པའི་དབྱར་ཁའི་གུང་གསེང་རིང་གི་སྤྱི་ཚོགས་ལག་ལེན་ཚོགས་པའི་ལག་ལེན་བྱེད་སྒོའི་གྲས་ཤིག་རེད། ཅང་སུའུ་ཡིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་དུས་འདིར། གཟའ་འཁོར་གཅིག་གི་ལག་ལེན་བྱེད་སྒོ་བརྒྱུད་ཅང་སུའུ་དང་ལྷ་ས་ས་གནས་གཉིས་ཀྱི་རིག་གནས་དང་། སློབ་གསོ། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་དང་མི་རིགས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社