(པར་ངོས་དང་པོར་མཐུད)རྒྱ་ཆེའི་དབང་པོ་སྐྱོན་ཅན་ལུས་རྩལ་པས་འགྲན་རའི་ཐོག་རང་ལ་ཡིད་ཆེས་ཀྱིས་ཁེངས་པའི་ཉམས་འགྱུར་གང་ལེཊ་མངོན་པར་བྱས་པ་དང་ཕུགས་བསམ་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་སྐབས་འདིའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་པའི་སྐར་གྲངས་ཨང་དང་པོའི་མཚན་སྙན་བླངས་པ་རེད། ཁོ་ཚོས་ཀྱང་མུ་མཐུད་དེ་སྦྱོང་བརྡར་བྱས་ནས་དེ་བས་ཆེ་བའི་འགྲན་རར་འགྲོ་འདོད་བྱེད་ཀྱི་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ལུས་རྩལ་སྤྱི་ཁྱབ་རྩལ་ཁྲིད་པ་ཕུར་ཚེས་སྐབས་འདིའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་ལ། སློབ་མ་ཚོས་ཀྱང་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག ང་ཚོའི་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཕྲུ་གུ་ཚོའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱས་པ་དང་། སློབ་ཁྲིད་བྱེད་རིང་ཕྲུ་གུ་དེ་དག་ལ་ལུས་རྩལ་དང་མཛེས་དཔྱོད་སོགས་ཀྱི་ཐད་ལྷན་སྐྱེས་ཀྱི་ཤེས་རབ་ཧ་ཅང་ཆེན་པོ་ལྡན་པ་ཤེས་རྟོགས་བྱུང་བས། ང་ཚོས་ཕྲུ་གུ་ཚོའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་སྔོག་འདོན་བྱས་ནས་ཁོང་ཚོའི་རང་བཀུར་དང་།རང་གཅེས།རང་དར།རང་ཚུགས་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་བཞིན་ཡོད། སང་ལོའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ང་ཚོས་ཕྲུ་གུ་ཚོ་ཁྲིད་དེ་འགྲན་བསྡུར་ནང་ཞུགས་ནས་བོད་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
འདི་ནི་དབང་པོ་སྐྱོན་ཅན་ལུས་རྩལ་པས་ཕུགས་བསམ་ལ་འགྲན་སློང་དང་ངོ་མཚར་ཆེ་བའི་མི་ཚེ་གཏོད་པའི་གར་སྟེགས་ཤིག་ཡིན། རྒྱ་ཆེའི་དབང་པོ་སྐྱོན་ཅན་ལ་འདི་གར་གཟི་བརྗིད་མཚན་སྙན་དང་དགའ་བསུ་ཐོབ་པས་རང་ཉིད་ལ་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལག་བསྟར་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། དབང་པོ་སྐྱོན་ཅན་གྱིས་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ཞུགས་པ་དང་མཉམ་སྤྱོད་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན་ལ།རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་སྐར་ཁུང་གལ་ཆེན་མངོན་འགྱུར་བྱུང་བ་ཡང་ཡིན། ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་ཡོད་མོད། འོན་ཀྱང་དེ་ནི་མཇུག་མཐའ་མིན་པར་འགོ་འཛུགས་ས་གསར་པ་ཞིག་ཡིན། ཕྱིས་འབྱུང་ལྷ་ས་གྲོང་ཁྱེར་གྱིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཞན་སྐྱོར་དང་།དབང་པོ་སྐྱོན་ཅན་ལ་རོགས་རམ།གཞན་ལ་རོགས་རམ་བྱེད་པར་དགའ་བ་བཅས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་ཡོངས་སུ་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་། གཅེས་སྐྱོང་། རོགས་རམ་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་གྲོགས་པོ་ཚོར་གོ་སྐབས་དང་སྟེགས་བུ་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社