ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་40འཁོར་བའི་དྲན་གསོའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་འགོ་ཁྲིད་དང་ཐུན་མོང་ཐོག་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གྲོས་དཔོན་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་མཛུབ་སྟོན་གནང་དོན། གྲོས་དཔོན་རྣམ་པ་གླིང་ཆེན་མི་འདྲ་བ་ནས་ཡོང་བ་ཡིན་ན་ཡང་ང་ཚོ་ཚང་མ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་རེད། རྒྱལ་ཁབ་ཁག་གི་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བ་དང་ཆ་རྐྱེན་མི་འདྲ་བ་ཡོད་མོད། འོན་ཀྱང་ང་ཚོ་ཚང་མ་བློ་སེམས་གཅིག་མཐུན་གྱི་སྤུན་ཟླ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། མིག་སྔར། འཛམ་གླིང་གི་གནས་སྟངས་མགྱོགས་མྱུར་འཕོ་འགྱུར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ང་ཚོ་ཐུན་མོང་ཐོག་འཚོ་གནས་བྱེད་སའི་གོ་ལ་དེ་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཁྲིམས་འཛུགས་སྒྲིག་གཞིའི་དབར་འགྲོ་འོང་བྱེད་པ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་འཛུགས་སྒྲིག་གཞིར་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྒྱལ་ཁབ་ཀྱི་འབྲེལ་བ་འཛུགས་པ་དང་། གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་མཉམ་ལས་རྒྱ་ཆེར་གཏོང་བ། སྒོ་དབྱེའི་ཁོང་ཡངས་ཀྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་འགན་ཁྲིད་དང་ནུས་པ་ཡོད་པས།མིའི་རིགས་ཀྱི་ལས་དབང་གཅི་མཐུན་ཚོགས་པ་འཛུཊ་རྒྱུར་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ལེཊ་སྐྱེས་འབུལ་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོཊ་ཀྱི་ཁོངས་མི་ཞིག་ཡིན་པ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社