分享按钮

ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ སྐབས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)གྲོང་སྤྱི་གཞོན་པ་བློ་བསྟན་གྱིས་གཙོ་སྐྱོང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་གསུངས་སྐབས། གྲོང་ཨུད་དང་སྐབས་འདིའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ནས་འགོ་ཚུགས་མཛད་སྒོར་ཞུགས་མཁན་ལས་རིགས་ཁག་གི་མང་ཚོཊ་དང་ལུས་རྩལ་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། འགྲན་བསྡུར་གྱི་ལས་དོན་པ་དང་། དང་བླངས་པ། ལྷ་སའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཀྲའོ་ཧུའེ་ཉན་གྱིས། ལུས་རྩལ་ནི་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་དར་རྒྱས་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འཐབ་ཇུས་ཀྱི་འབོད་ཚིག་དང་ལེན་ཧུར་ཐག་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཤེས་ལྡན་པ་སྔོག་འདོན་དང་གསོ་སྐྱོང་གང་ལེགས་བྱེད་པ། “དབང་པོ་སྐྱོན་ཅན་གྱི་ལུས་རྩལ་གཟའ་འཁོར”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བཅས་བྱས་པས། ཚང་མ་ཧུར་ཐག་ཞུགས་འདོད་ཀྱི་བསམ་པ་ཡོངས་སུ་བཀུག་ཅིང་།སྤྱི་ཚོགས་ཡོངས་ཀྱིས་རང་གྲོང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པར་སྐུལ་མ་ཐེབས་ཡོད། དེས་མ་ཟད། དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་ཟབ་མོ་བསྐྲུན་ནས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས། མིག་སྔར་ལྷ་ས་གྲོང་ཁྱེར་འདི་ཉིད“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུཊ་སྣོན་རྒྱག་པ།“གདོང་དམག་བདུན”ཡག་པོ་བྱེད་པ།“ལས་ཀའི་རྩ་དོན་ལྔ”གཞིར་བཟུང་བ།“བྱ་སྤྱོད་ཆེན་པོ་བཞི”ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་ལྷ་སའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དེ་བས་སྤྲོ་སེམས་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་རོགས་རམ་ཧུར་ཐག་བྱས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་གསུངས་གནང་ཡོད།

རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་དཔོན་ཧུང་ཝུའེ་ཞུགས་པ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲེང་ཝུའེ་གོ་དང་ཧན་ཡུན་ཧྲོན་ཞུགས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186549.html 1 ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ སྐབས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ། /enpproperty-->