分享按钮

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

(པར་ངོས་གསུམ་པར་མཐུད)དེ་རྗེས་ཚ་བོ་དང་ཚ་མོ་སྐྱོང་བའི་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་མང་པོར་དམིགས་ཏེ་དགེ་རྒན་བཀྲ་ཚེ་ཡིས་འགྲེལ་བཤད་ཞིབ་ཕྲ་གནང་བ་དང་འབྲེལ་དཔེ་དངོས་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཁྱིམ་བདག་ཚོར་རྩ་ཆེའི་ཕྲུ་གུ་གསོ་བའི་གྲོས་འགོ་བཏོན་པ་རེད། ས་གནས་ས་ཐོག་ཏུ་རྩ་ཆེའི་སྤེལ་རེས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་ཁྱིམ་བདག་དང་འཆད་ཁྲིད་དགེ་རྒན་གྱིས་ཐུན་མོང་ཐོག་ཕྲུ་གུ་གསོ་བའི་ཐབས་ལམ་ལ་གྲོས་བསྡུར་བྱས་པ་དང་དགེ་མཚན་ལྡན་པའི་སྤེལ་རེས་ཀྱི་རྣམ་པ་དེས་ཁྱིམ་བདག་ཚོའི་ཕྲུ་གུ་གསོ་བའི་ཡིད་ཆེས་ཆེ་རུ་ཕྱིན་པར་མ་ཟད། ཚ་བོ་ཚ་མོ་ཚོའི་སེམས་པ་དང་དེ་བས་ཟུང་འབྲེལ་དམ་ཟབ་ཐུབ་ཡོད།

དེ་མིན།ད་དུང“ཕ་མ་དང་བུ་ཕྲུག་གི་བརྩེ་སེམས་ཟབ་པའི་མཉམ་འགུལ་ལྷུ་ཚིགས་ནང”ཁྱིམ་བདག་དང་ཕྲུ་གུ་ཚོས་མཉམ་དུ་ལག་པ་འགུལ་ནས་ཁ་དོག་མི་འདྲ་བ་དང་སྤུས་ཀ་མི་འདྲ་བའི་ས་རྒྱུ་སྤྱད་དེ་ཞིམ་ཟས་སོགས་བཟོ་ཁུལ་བྱས་ཡོད། དེས་ཕྲུ་གུ་ཚོའི་ལག་པ་འགུལ་བའི་ནུས་པ་དང་གསར་གཏོད་ནུས་པ་སྦྱོང་བརྡར་སྔར་བས་ཐེབས་པར་མ་ཟད། ཕ་མ་དང་བུ་ཕྲུག་མཉམ་ལས་ཁྲོད་ཕན་ཚུན་གྱི་བརྩེ་དུང་གི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད།

ཁྲེང་ཀོན་ཆུས་ཀྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པའི་འགན་འཁུར་བ་དཀོན་མཆོག་སྒྲོལ་མས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་གྲོང་མི་མང་ཚོགས་དེ་བས་མང་བར་བྱམས་བརྩེའི་རིག་གནས་ཀྱི་རྣམ་པ་ཚོར་ཐུབ་པའི་རེ་བ་ཡོད། དུས་མཚུངས་སུ་ཚན་རིག་དང་མཐུན་པའི་ཕྲུ་གུ་གསོ་བའི་འདུ་ཤེས་དེ་རིགས་བརྒྱུད་མི་རབས་ནས་མི་རབས་བར་ཕྲུ་གུ་གསོ་བའི་ཁྱིམ་ཚང་ལ་བསམ་ཕྱོགས་དང་ཁ་ཕྱོགས་གསར་པ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཁྲེང་ཀོན་ཆུས་ཀྱི་སྤྱི་པའི་རིག་གནས་གསར་པའི་བར་མཐོངས་སུ་མི་རབས་ནས་མི་རབས་བར་ཕྲུ་གུ་གསོ་སྐྱོང་བྱས་ནས་ཇ་ཁང་དུ་འཛུལ་བ་ཞེས་པའི་གཙོ་དོན་བྱེད་སྒོ་སྤེལ་བ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186548.html 1 (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས) /enpproperty-->