ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱི“ཤེས་ལྡན་མི་སྣས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི”བྱེད་སྒོ་རབ་དང་རིམ་པ་ལས། ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་སློབ་གསོའི་ཤེས་ལྡན་མི་སྣས“བོད་དུ་བསྐྱོད་ནས་སློབ་གསོའི་ལས་དོན་སྒྲུབ་པའི”བྱེད་སྒོ་སྤེལ་བ་རེད།
ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཕེ་ཡིས་རུ་སྣེ་ཁྲིད་དེ་ཉམས་མྱོང་བརྒྱུད་བསྒྲགས་བྱས་པས་རང་གྲོང་གི་དགེ་རྒན་ལ་རིགས་གཅིག་མཁས་ཅན་དང་འབྲེལ་གཏུགས་བྱེད་པའི་གོ་སྐབས་མཁོ་འདོན་བྱས་པར་མ་ཟད། ལྷ་ས་དང་ཅང་སུའུ་སློབ་གསོའི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་བསྐྲུན་པ་དེས་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་དཔུང་ཁག་གི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།
ཅང་སུའུ་ཞིང་ཆེན་ཆིང་ཅང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་དང་རྫས་འགྱུར་དགེ་རྒན་ཆའོ་ཀྲུང་ཡུན་གྱིས། ད་ཐེངས་ང་ཚོས་བོད་དུ་དགེ་རྒན་བཏང་ནས་འཆད་ཁྲིད་བྱས་ཏེ་དགེ་རྒན་ཚོའི་སློབ་ཚན་ལ་དཔྱད་བརྗོད་བྱས་པ་ཡིན། ང་ཚོས་ཐུན་མོང་ཐོག་སྤེལ་རེས་དང་འབྲེལ་གཏུཊ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་འདུ་ཤེས་སྔར་བས་གསར་བསྒྱུར་དང་སློབ་ཚན་སློབ་ཁྲིད་ལ་སྔར་བས་སྒྱུར་བཅོས་བྱས་ནས་སློབ་ཚན་སློབ་ཁྲིད་ལ་སྔར་བས་སྐྱེ་སྟོབས་ཀྱིའཕེལ་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཀུའོ་ཞུའེ་རུའེ་ཡིས། འཐབ་ཕྱོགས་དང་པོའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་ད་ཐེངས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ།ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་སློབ་གསོའི་ཤེས་ལྡན་མི་སྣའི་ས་ནས་རྩ་ཆེའི་སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱ་རྒྱུ་མ་ཟད། སྦྱངས་པའི་ཤེས་བྱ་སློབ་ཁྲིད་ཐོག་སྤྱོད་རྒྱུ་ཡིན་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社