ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་དུ་ཕན་འབྲས་ཐོན་ཆེད།ཉེ་ཆར།བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས་བསྟན་རྒྱས་གླིང་སྡེ་ཁུལ་ཤེས་དཔལ་སྒོ་ར་ཆེན་མོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཨ་རྒོད་སྒོ་ར་ཆེན་པོར་བསྐྱོད་དེ། གོ་བདེ་བའི་སྐད་ཆའི་ལམ་ནས་གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ལ་ཚོགས་ཆེན་གྱི་དོན་སྙིང་གལ་ཆེན་དང་བྱ་ཐབས་གལ་ཆེན། དམིགས་ཡུལ་དང་ལས་འགན་སོགས་གསལ་འགྲེལ་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།
ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཡུལ་མི་དཀར་གསལ་གྱིས། དེ་རིང་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་དོན་པས་སྡེ་ཁུལ་བཅོས་སྐྱོང་དང་ཉེ་འགྲམ་གྱི་འཚོ་བའི་འགྱུར་ལྡོག་སོགས་ཕྱོགས་མང་པོ་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་བྱས་སོང་བས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་སྔར་བས་ཤེས་བྱུང་ཞེས་བཤད།
སྒྲོག་འགྲེལ་སྐབས། གནའ་གྲོང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མིག་སྔར་སྤེལ་བཞིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་དང་། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་གཏོང་བའི་ལས་དོན། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན། དེ་བཞིན་གནའ་གྲོང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡུལ་སྐོར་འཕེལ་རྒྱས་དང་། རིག་དངོས་སྲུང་སྐྱོང་། གྲོང་ཁྱེར་སྒྱུར་བཀོད་སོགས་ཀྱི་ལས་དོན་སྐོར་གསལ་འགྲེལ་བྱས་ཤིང་། དཔེ་མཚོན་དང་གཞི་གྲངས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔར་བས་བློ་ལ་འཇགས་ཐུབ་པ་དང་། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ལ་སྒྱུར་བཅོས་ལས་བྱུང་བའི་ཕན་པ་དང་འགྱུར་ལྡོག་ཚོར་ཐུབ་ཡོད་ལ། ཚང་མ་སྒྱུར་བཅོས་དང་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད།
ཨ་རྒོད་ཀྱིས། དེ་རིང་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་མང་ཚོགས་ཁྲོད་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་ཐུབ་པ་དང་། ཚང་མའི་བསམ་བློ་གཅིག་ཏུ་བསྒྲིལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་ལས་དོན་གཞི་རིམ་གྱི་འཐབ་ཕྱོགས་མདུན་མར་སྤེལ་བར་མ་ཟད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་དམངས་ཀྱི་ཁྱིམ་ཚང་དུ་ཁྱབ་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ནས་དམ་པ་དོན་གཉེར་ཐད་འབད་བརྩོན་བྱས་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社